e-texts navigator
Collection
Volume
Page
Wylie

29a1 རྡོ་རྗེ་ཀྲུང་ཀའི་མགོ། གཏུམ་མོ་རྡོ་རྗེ་ཕག་གི་མགོ། རྒན་བྱེད་རྡོ་རྗེ་ཁྱུང་གི་མགོ། ནུབ་ཕྱོགས་གླིང་ཁམས་ཟླུམ་པོ་རུ།། དར་དམར་ཕྱར་བ་གསར་གཏིང་ནས།། འདམ་ཟན་མ་ནི་ཤ་ཟན་དང་།། སྐུམ་ཐུ
29a2 ལ་སོགས་རིགས་གསུམ་པ།། སྦྲུལ་དང་སྡིག་པ་ལ་སོགས་པས།། ནུབ་ཕྱོགས་མ་བདུན་ཐུགས་དམ་བསྐང་།། འདུ་ཤེས་ནད་རྣམས་ཞི་བར་མཛོད།། སྣ་ཚོགས་རྡོ་རྗེ་བ་གླང་མགོ། ཀླུ་མོ་རྡོ་རྗེ་སྦྲུལ་གྱི་མགོ། བདག
29a3 ཉིད་རྡོ་རྗེ་ཀུན་གྲགས་མ།། བུམ་སྣ་རྡོ་རྗེ་སྲིན་མོའི་མགོ། དམར་སེར་རྡོ་རྗེ་ར་ཡི་མགོ། བུམ་སྣ་རྡོ་རྗེ་སྦྲེལ་གྱི་མགོ། ལྗང་ནག་རྡོ་རྗེ་འུག་པའི་མགོ། བྱང་ཕྱོགས་གླིང་ཁམས་གྲུ་བཞི་ལ།། དར་སེར་ཕྱར་བ་གསར
29a4 བཏིང་ན།། སྒྲ་དང་སྦྲེལ་དང་ཤང་ཤང་དང་།། མི་ལ་སོགས་ཏེ་གདོང་པ་ཅན།། བྱང་ཕྱོགས་མ་བདུན་ཐུགས་དམ་བསྐོང་།། འདུ་བྱེད་ནད་རྣམས་ཞི་བར་མཛོད།། སྨན་ཕྲན་ཡོངས་ཀྱི་བཀའ་སྡོད་མ།། བོད་ཁམས་སྐྱོང
29a5 བར་མཚན་གྲགས་པའི།། ཕྲ་མེན་གསེར་སྐྱེམས་མཆོད་པས་བསྐང་།། རིམས་ནད་ཐམས་ཅད་ཞི་བར་མཛོད།། རི་རབ་གླིང་བཞིའི་གཏོར་མ་ནི།། རྡོ་རྗེ་རྒྱ་གྲམ་མིག་མང་རིས།། རིན་ཆེན་སྣ་ལྔ་རིམ་བརྩེགས
29a6 ཚུལ།། དཔག་བསམ་ཤིང་བུ་བདུད་རྩིའི་བཅུད།། ལྷ་སྲིན་སྡེ་བརྒྱད་བསྐོར་ཕྱག་འཚལ།། ཙུ་ཏའི་ཤིང་དང་གེལ་པའི་ཤིང་།། འཛམ་བུའི་ཤིང་དང་སྒྲ་སྒྲོགས་པ།། ཕྱོགས་བཞིར་བྱུ་རུའི་སྐས་བཙུགས




iiif viewer powered by OpenSeadragon

28b - 29b

Texts on this page

Gpb030.001 - srid pa rgya mtsho bzhi'i rgyud