| | e-texts navigator
|
281a1 རྒྱུན་སྔགས་ཀྱང་།། ཏྲག་རཀྵ་ཁ་མུན་ཏྲ་ཟླ།། སྒོང་དྲུག་བཟླས་པ་དག་ཀྱང་དེའོ།། ཟོད་ཟོར་ལ་སོགས་རྒྱུན་སྔགས་ཏེ། ཁམ་བུའི་རྒྱུད་སྔགས་བཟླས་པ་ཡང་།། ཉིན་མཚན་གསུམ་གྱི་སྔགས་དག
281a2 དགོད།། དམོད་མོའི་རྒྱུན་སྔགས་བཅུ་དྲུག་བཟླས།། ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། རྩ་བའི་སྔགས་རྣམས་བཟླས་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཡབ་མངོན
281a3 རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཕྲིན་ལས་སྒྲུབ་པ་ཇི་ལྟར་ལགས།། དེ་ཡི་གནས་ནི་ཇི་ལྟ་བུ།། ཕྲིན་ལས་དཀྱིལ་འཁོར་ཇི་ལྟར་བྲི།། རྦད་པའི་སྔགས་རྣམས་ཇི་ལྟར་བཟླ།། ཐུན་སྔགས་བཟླས་པ་ཇི་ལྟར
281a4 ལགས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། མཆོད་དང་ལེགས་པ་རྫོགས་པ་དང་། རྣལ་འབྱོར་གདེང་དང་ལྡན་པ་ཡིས།། ཕྲིན་ལས་དག་ནི་བརྩམ་པར་བྱ།། ཀུན་གྱི་བརྩམས་ན་རླག་པར་འགྱུར།། ཡང་ན
281a5 རྣལ་འབྱོར་ལས་མ་གྲུབ་པའམ།། ཤིན་ཏུ་བསོད་ནམས་ཆུང་བ་ཡིས།། མ་མོ་ལས་བྱེད་མ་འདོད་ན།། གཉེན་པོ་གདུལ་སྐལ་ལྷ་བསྒོམ་ལ།། ཤི་ས་བསྟན་ཞིང་སྔགས་ཀྱང་བཟླས།། ཛ་ཛ་ཨེ་ཏི་མ་མ་ཡ་སྙིང་ཁ་རག་མ
281a6 མ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་སྟྭཾ། སྔགས་དེ་བཟླས་ལ་གཟུགས་བརྡེག་གོ།། དེ་ནས་མ་མོའི་གཏོར་མ་ནི།། གདན་འོག་དག་གམ་ཕུང་ས་ལ། ཏྲག་རཀྵ་ཁ་མུན་ཏྲས་སྔགས་ལ་གཏོར། དེ་ལྟར་བྱས་ན་ལས་རྣམས
iiif viewer powered by OpenSeadragon
280b - 281b