e-texts navigator
Collection
Volume
Page
Wylie

19b1 བརྒྱད།། གཡས་པ་རིན་ཆེན་གསེར་དང་དངུལ།། གཡོན་པ་བྱུ་རུ་མཚལ་དང་སྤོས།། འབྲས་སྲང་ཕྱེད་ལ་མ་ཏྲང་གཟུགས།། གཡས་སུ་ཟླ་བའི་འཁོར་ལོ་ལ།། གཡོན་དུ་ཉི་མའི་འཁོར་ལོ་བྲི།། ཕྱཝ་དང་དམུ་རྗེ་བཙན་པོ
19b2 དང་།། གནམ་ཁྱི་དཀར་པོ་ལྡེམ་པ་དང་།། བདུད་ལ་རེ་སྡེ་འགོང་ཡག་དང་།། བཙན་ལ་བཙན་རྗེ་ཡག་པ་དང་།། བཙན་ལ་སྐྱེས་བུའི་ལུང་བཙན་དང་།། ཆུ་སྲིན་རྒྱལ་པོ་ཀུ་བེ་ར།། ཤན་པ་བྱང་སྤྲིན་དམར་པོ
19b3 དང་།། ལྷ་ལ་ཨཱརྱ་ཛམ་བྷ་ལ།། དྲི་ཟ་ཟུར་ཕུད་ལྔ་པ་དང་།། རྒྱལ་པོ་ཆེན་པོ་སྡེ་བཞི་དང་།། ས་ཡི་ལྷ་མོ་བརྟན་མ་དང་།། ཉི་པ་སད་ཀྱི་འཁོར་ཚོགས་དང་།། སྣང་སྲིད་མ་མོ་འཁྲུག་པ་ལ།། མཐུན་པོའི་རྫས་ཆེན་འདི
19b4 འབུལ་ན།། འབྲུ་སྣ་ལྔ་ལ་མ་ཏྲང་གཟུགས།། མགྲོན་བུའི་སོ་ལ་སོགས་པ་ཡི།། ལོངས་སྤྱོད་འཕན་བཟང་བཅུ་གསུམ་པོ།། སྲིད་པའི་བགེགས་ཆེན་བཅུ་གསུམ་གྱིས།། ལྷ་གསུམ་དེ་ནི་བཅུ་གསུམ་དང་།། མགོ་དང
19b5 བཅུ་གསུམ་གླུད་དུ་འབུལ།། སྲིད་པ་མཚོ་བཞི་ལས་སྐོས་བྱང་ཆེན་མོའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཕྲ་མེན་རྒྱ་མཚོས་ཡང་གསོལ་པ།། དབང་ཆེན་རྒྱ་མཚོ་ཇི་ལྟར་ལགས།། ཡང་དག་རྫོགས་ཀྱིས་བཀའ་སྩལ
19b6 པ།། རྫོགས་པའི་ཐིག་ལེ་ཆེན་པོ་དང་།། རྩ་བ་སྔགས་ཀྱི་སྙིང་པོ་བཤད།། འབྲུ་གསུམ་གསེར་གྱི་སྒོམ་བུ་ནི།། ཤེལ་ལྟར་དག་པའི་ཐིག་ལེ་ཅན།། ཨཽ་ནི་ཡེ་ཤེས་རྫོགས་པའི་སྐུ།། ཨཱཿནི་སྣ་ཚོགས་སྤྲོས་པའི




iiif viewer powered by OpenSeadragon

19a - 20a

Texts on this page

Gpb030.001 - srid pa rgya mtsho bzhi'i rgyud