| | e-texts navigator
|
159b1 ལ་ངན་ཏིང་མོ། ཀྲས་ལང་པས་མི་མ~ཾ། མཾ་མ་མཽ། ཧཱཾ་ཧཱཾ། ཛ་ལ་ཛ་ལ་སརྦ་ཛ་ལ་ཀི་ཏ་མ་རཱ་ཡ་བ། ནིརྟི་ཡེ། ཨེ་དན་དན་ནང་གྲི་པ་ལང་། ཧ་ར་ཧ་ར། བ་ར་འབྲེ། དྲི་པ་ཆིངས་ཤིག་ཀྲང་ཅིང་ཉར་སྭཱ་ཧ། ཉུང་དཀར་དང
159b2 ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་རོ།། ཨོཾ་ཧ་ར་ཧ་ར་པྲ་མ་ཡཱ། ཙང་ཤིག་ཙང་ཤིག་ཧ་ར་སྭཱ་ཧཱ། མ་མོ་སྣང་སྲིད་དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱ་སོ་དགུ་པའོ།། །། ཧཱུཾ། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་།། ཕོ
159b3 བྲང་འབྱམས་ཀླས་སྤྲིན་གཏིབས་ཤིང་།། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་།། རིན་ཆེན་མཛེས་པའི་རྒྱན་ལྷབ་ལྷུབ།། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས།། འཇིགས་པ་བཞི་ཡིས་སྒོ་བཀག་ཀྱང་།། མགྱོགས་མ་བཞི་ཡིས
159b4 སྒོ་ཕྱེ་ཞིག་ཁམ་གྲུམ་པྲ་བེ་ཤ་ཤག། ཅེས་བརྗོད་ལ་སྒོ་དབྱེའོ།། ཧཱུཾ།། ཡང་དག་གསང་བའི་དཀྱིལ་འཁོར་དུ།། སངས་རྒྱས་བདེ་ཆེན་ཡང་དག་པ། ཡབ་ཡུམ་སྲས་དང་འཁོར་བཅས་རྣམས།། རིགས་ཀྱི་ལྷར་ནི་རྣམ
159b5 རྟོགས་ཤིང་།། གཉིས་མེད་དོན་གྱིས་འབྲེལ་བ་ལ།། མི་ཕྱེད་དད་པས་ཕྱག་འཚལ་ལོ།། ཧཱུཾ།། ཡང་དག་གསང་བའི་དཀྱིལ་འཁོར་དུ།། རྡོ་རྗེ་སློབ་དཔོན་ཡེ་ཤེས་ལྟར།། བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར།། གསང
159b6 བའི་ཚུལ་གྱིས་ཕྱག་འཚལ་ལོ།། ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་དུ།། དམ་ཚིག་གཟུང་གིས་འབྲེལ་བའི་མཆེད།། མ་བུའི་འདུ་ཤེས་ཉེར་གཞག་ནས།། གདུང་བའི་ཚུལ་གྱིས་ཕྱག་འཚལ་ལོ།། ཨ་ལ་ལ
iiif viewer powered by OpenSeadragon
159a - 160a