| | e-texts navigator
|
110a1 བྷའི་ཐུགས་དམ་བསྐང་ངོ་།། ནུབ་ཕྱོགས་ཀྱི་བྷནྡྷར་རྨ་བྱའམ་བྱ་མཚལ་བུའི་འབྲས་བུ་དང་།། བུད་མེད་སྐྲ་སེར་ལ་ལི་བའི་རཀྟ་གཅིག་གིས་པདྨ་ཧེ་རུ་ཀའི་ཐུགས་དམ་བསྐང་ངོ་།། བྱང་ཕྱོགས་སུ་ཤང
110a2 ཤང་ངམ། ཕ་ཝང་གི་འབྲས་བུ་དང་། ཅི་ཡང་རུང་བའི་འབྲས་བུ་ཙིཏྟ་གཅིག་གིས་དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་། ཤར་ཕྱོགས་སུ་བྷནྡྷར་གླང་པོ་ཆེ་འམ། རྟ་སྔོན་པོ་གཅིག་གི་འབྲས་བུ་གཅིག་གིས། རྡོ་རྗེ
110a3 སེམས་དཔའི་ཐུགས་དམ་བསྐང་ངོ་།། དབུས་ཀྱི་བྷནྡྷ་ར་དྲི་ཆེན་དང་། ཁྱི་དཀར་པོ་གཅིག་གི་འབྲས་བུའམ་ཙིཏྟས་རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐང་ངོ་།། གཟུགས་དང་མིང་རུས་ལྡན་པར་བརྟགས།། རྩིབས
110a4 ཆ་ལྔ་དང་དབུས་ལ་དགོད།། ཙིཏྟ་དཔེའུ་ཆུང་གི་ལེའུ་སྟེ་ང་བརྒྱད་པའོ།། །། བྷནྡ་བཅོ་བརྒྱད་མེད་དུ་མི་རུང་། ཁྲག་སྣ་སྟོང་རྩ་བརྒྱད་མ་རྙེད་ནའང་། བཅོ་བརྒྱད་མེད་དུ་ཡིད་ཡངམི་རུང་ངོ་།། ཤ་སྣ་སྟོང་རྩ
110a5 བརྒྱད་མེད་ནའང་བརྒྱ་རྩ་བརྒྱད་མེད་དུ་མི་རུང་། སྨན་སྣ་སྟོང་རྩ་བརྒྱད་མེད་ན་ཡང་། བརྒྱ་རྩ་བརྒྱད་མེད་དུ་མི་རུང་གསུང་ཆེན་གྱི་དུད་པ་ཡང་རྒྱུན་མི་གཅད་པར་བཏང་ངོ་།། གཟུངས་མ་མཚན་དང་ལྡན་པ་བརྒྱད
110a6 མ་རྙེད་ནའང་། བཞི་མེད་དུ་མི་རུང་ངོ་།། དགོངས་པ་མཁན་གཅིག་སྐྱེས་བུ་སྔགས་མཁན་ངར་ཅན་གཅིག་དགོས་སོ།། དལ་གྱི་གྲཝ་བཞིར་ཁམ་རྒྱ་ཆེན་མོའི་སྙིང་པོ་བྲི། དཀྱིལ་འཁོར་གྱི་མུ་རན་ལ་ལོང་བརྒྱ་པ་སྦྲེལ
iiif viewer powered by OpenSeadragon
109b - 110b