| | e-texts navigator
|
105a1 བསླང་བ་དང་། ས་བརྟག་པ་དང་། ས་སྦྱང་བ་དང་། སའི་ལྷ་མོ་སྦྲན་ནོ།། ས་ནི་བྱང་ཤར་མཚམས་ལས་བླང་ངོ་།། རྩིགས་པའི་ཆུ་ནི་བྷོ་དྲང་པོ་ནས་བླང་ངོ་།། སྐྱེས་བུ་སྔགས་མཁན་ནི་ནུབ་དྲང་པོར
105a2 བཞུགས་སོ།། ཁྲོ་བོ་བཅུ་ལ་སོགས་པས་མཚམས་དྲག་ཏུ་བཅད་དོ།། འབྱུང་བ་ཆེན་པོ་ལྔ་ཡེ་ནས་སངས་རྒྱས་པའི་སླད་བཞིན་དུ་བྱང་ཆུབ་ཡེ་ནས་མ་གཡོས་པས་དངོས་གྲུབ་རང་བཞིན་འབྱུང་བར་འགྱུར་རོ།། ཡང
105a3 དག་རྨད་བྱུང་དཀྱིལ་འཁོར་དུ།། ནུབ་ཏུ་རཀྟའི་ཆག་ཆག་གདབ།། བཀའ་གསང་དམ་པའི་གནས་མཆོག་ཏུ།། དབུས་སུ་དྲི་ཆེན་ཆག་ཆག་གདབ།། བཀའ་གསང་མཆོག་གི་གནས་འདི་རུ།། ཤར་དུ་བྱང་ཆུབ་སེམས
105a4 ཀྱི་ཆག་ཆག་གདབ།། ཡོན་ཏན་རིགས་ཀྱི་གསང་མཆོག་ཆེན་པོ་སྟེ།། དམོད་གཟུགས་ལྷོ་རུ་མཱཾ་སའི་ཆག་ཆག་གདབ།། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ།། བྱང་དུ་དྲི་ཆུའི་ཆག་ཆག་གདབ།། ཡང
105a5 གསང་ཐུགས་ཀྱི་དཀྱིལ་འཁོར་དུ།། གཟི་བྱིན་བསྐྱེད་ཕྱིར་ཚིལ་ཆེན་ཆག་ཆག་གདབ།། དེ་ནས་གནམ་ཐིག་གདབ་པར་བྱ་སྟེ། དམོད་གཟུགས་ཚོན་སྐུད་འཕེལ་དུ་གཞུག། འཁོར་ལོ་རྩིབས་བཞི་ཐིག་ཏུ
105a6 གདབ།། ཐིག་རས་བོར་ལ་ས་ཐིག་ནི།། འཁོར་ལོ་རྩིབས་བཞིའི་ཐིག་ཏུ་གདབ།། ལྟེ་བ་ཟླུམ་པོར་བསྐོར་ལ་ཟླ་གམ་བྱ།། ཕྱི་རིམ་སོར་གསུམ་ཐོད་པས་བསྐོར།། འཁོར་ལོ་རྩིབས་བཞི་ཟླུམ་པོར་བསྐོར།། ཐོད་རློན
iiif viewer powered by OpenSeadragon
104b - 105b