e-texts navigator
Collection
Volume
Page
Wylie

90a1 ཡབ་མངོན་རྫོགས་རྒྱལ་པོས། རྒུད་ཡོངས་སུ་བཟུང་བ་འདི་བཤད་དེ། འདི་སྐད་ཅེས་གསུངས་སོ།། གསང་ཐུབ་བཀའ་བརྟན་ངེས་པ་དང་།། བདེན་པར་སྨྲ་ཞིང་ཡིད་མི་འགྱུར།། དེས་ནི་རྒྱུད་འདི
90a2 གཟུང་བར་བྱ།། བརྟགས་ཤིང་རྒྱུད་འཆང་བརྩོན་འགྲུས་ཆེ།། དྲང་ལ་སེམས་བྱམས་གཡོ་སྒྱུ་ཆུང་།། དེས་ནི་རྒྱུད་འདི་གཟུང་བར་བྱ།། མཛངས་ལ་ཤེས་པ་གསལ་བ་དང་།། བརྟགས་ཤིང་བྱ་བ་མ་ནོར་བ།། དེས་ནི
90a3 རྒྱུད་འདི་གཟུང་བར་བྱ།། གཟུང་ཐུབ་དྲགས་ཐུབ་ཁོངས་ཡངས་ཤིང་།། ལེ་ལོ་བར་ཆད་སྐྱོན་སྤངས་ལ།། དེས་ནི་རྒྱུད་འདི་གཟུང་བར་བྱ།། གཞུང་བླ་མ་དང་ཚིག་འཇོམ་པའི་དོན་གྱིས།། སྤྱོད་པ་ཐོགས་ཆགས་མེད་པ
90a4 དང་།། དམ་ཚིག་སྤངས་ལེན་མེད་པ་ཡིས།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། ཉན་ཅིང་བསྒྲུབ་ལ་བརྩོན་པ་དང་།། འདུ་འཛིའི་དབང་དུ་མི་གཏོང་བས།། བརྣག་ཐུབ་བཟོད་ཆེ་ངེས་པ་དང་།། ཡོངས་ལ་མི་གནོད
90a5 ལ་སུན་པས།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། ལུང་མེད་པས་ཀྱང་མི་གཏོང་ཞིང་།། སློབ་དཔོན་རིག་པ་སྟེང་འདུ་བ།། དེས་ནི་ཡོངས་སུ་གཟུང་བར་བྱ།། རང་ཤེས་མུ་ཅོར་མི་བྱེད་ཅིང་།། བརྟགས་ཤིང་ལས
90a6 རྣམས་བརྩོན་བྱེད་པ།། དེས་ནི་རྒྱུད་འདི་གཟུང་བར་བྱ།། རྣལ་འབྱོར་སྨན་དང་མི་འབྲལ་ཞིང་།། རྫས་དང་ལག་ཆ་མ་ཐེགས་པ།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། དད་པ་སྐྱོ་ངལ་མེད་པ་དང་།། སྐྱོ་མེད་དུབ་པ




iiif viewer powered by OpenSeadragon

89b - 90b

Texts on this page

Gpb029.001 - yum gzungs ma'i dngos grub chen po'i rgyud