e-texts navigator
Collection
Volume
Page
Wylie

86b1 འབྱོར་ཚོགས་ཀྱི་རྗེ་མོ་ལ།། ཡུམ་གྱི་རྒྱལ་མོ་མུ་ཁ་ལེ།། འགྲོ་བ་ཡོངས་ཀྱི་སྐྱེ་གནས་ཡིན།། ཐམས་ཅད་ཡོངས་ཀྱི་ཚེ་སྲོག་བདག། བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན།། དབུ་གཅིག་ཞལ་ལྔ་གདེངས་པ
86b2 ལ།། རྣལ་འབྱོར་དགྲ་བགེགས་ཞལ་དུ་བསྟབ།། དུག་གསུམ་མ་ལུས་སྟོང་པར་མཛོད།། རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག། ཤ་རུས་བདག་མོ་རྣམ་སྣང་གསལ།། དགྲ་བགེགས་ཤ་རུས་འདི་བཞེས་ལ།། རྣལ་འབྱོར
86b3 ཤ་རུས་སྐྱེད་པར་མཛོད།། རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག། དབུགས་ཀྱི་བདག་མོ་ཞལ་ཕྱེས་ཤིག། དགྲ་བགེགས་སྲོག་དབུགས་འདི་བཞེས་ལ།། རྣལ་འབྱོར་སྲོག་དབུགས་བརྟན་པར་མཛོད།། རྟག་པའི་རྒྱལ
86b4 མོ་ཞལ་ཕྱེས་ཤིག། ཁྲག་གི་བདག་མོ་གཉེན་གསལ་མ།། དགྲ་བགེགས་ཁྲག་རྣམས་འདི་བཞེས་ལ།། རྣལ་འབྱོར་ཁྲག་རྣམས་འཕེལ་བར་མཛོད།། དྲོད་ཀྱི་བདག་མོ་འོད་གསལ་འབར།། དགྲ་བགེགས་རྣམས་ཀྱི
86b5 དྲོད་བཞེས་ལ།། བདག་གི་དྲོད་རྣམས་འཕེལ་བར་མཛོད།། རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག། བཀྲག་གསལ་བདག་མོ་བཀྲག་གསལ་འབར།། དགྲ་བགེགས་བཀྲག་མདངས་འདི་བཞེས་ལ།། རྣལ་འབྱོར་བཀྲག
86b6 མདངས་འཕེལ་བར་མཛོད།། རང་བཞིན་མ་མོ་ཞལ་ཕྱེས་ཤིག། ཕྲ་མེན་རྒྱ་མཚོ་ཞལ་ཕྱེས་ཤིག། དགྲ་བགེགས་ཕུང་པོ་ཞལ་དུ་བསྟབ།། བདག་གི་ཕུང་པོ་ནད་མེད་མཛོད།། རང་བཞིན་མ་མོ་ཞལ་ཕྱེས་ཤིག། ཉི




iiif viewer powered by OpenSeadragon

86a - 87a

Texts on this page

Gpb029.001 - yum gzungs ma'i dngos grub chen po'i rgyud