| | e-texts navigator
|
329b1 ཞིང་སྙིང་ཁྲག་སྐྱུགས།། སངས་རྒྱས་མགོ་བཅད་འཇིགས་པའི་རྒྱན་མངའ་བས།། བདེ་བའི་ཆགས་པ་མངོན་གསུམ་སྤྱད་པ་རྨིས།། ལྷུམས་པ་དེར་གནས་དེ་ཕྱི་དེ་ལོ་དུས་སུ།། སྲིན་པོ་ལྕམ་དྲལ་གཉིས་སྐྱེས་པར་གྱུར
329b2 ཏེ། དྲལ་པོ་རྨི་ལམ་དང་ནི་མཐུན་པར་སྐྱེས།། དེ་ནས་ར་ལ་ར་ལ་རུ་ལུ་རུ་ལུ་བྷྱོ་བྷྱོའི་སྒྲ་བྱུང་བས། མཁའ་འགྲོ་མ་ཐམས་ཅད་ཤིང་ལོ་རླུང་གིས་བདས་པ་བཞིན་དུ་འདུས་ཏེ་དབང་ཕྱུག་ཆེན་པོ་ལྕམ་དྲལ་བདག་ཅག
329b3 གི་གཙོ་བོ་གཙོ་མོ་མཛོད་ཅིག་ཅེས་གསོལ་བ་བཏབ་བོ།། དེ་ནས་མཁའ་འགྲོ་མའི་རིགས་ཐམས་ཅད་ཀྱིས། དགུང་དང་ནམ་ཕྱེད་ཐོ་རངས་སྔ་དྲོ་རུ།། ཉི་ཁྲི་ཆིག་སྟོང་རེས་མཆོད་པ་བྱེད་དོ།། བདུད་ཀྱི་རྒྱལ་པོ
329b4 དེས།། ཏྲང་མ་ཏྲང་རུ་ཏྲང་། སརྦ་ཌཱཀྐི་ཨཱ་ཀཊྚ་ཡ་ཨཱ་ཀཊྚ་ཡ། ནིརྨ་ཎ་ཨ་པྲ་མེ་ཡ། ཨ་ཛི་ཏེ་ན་ཀརྨ་ས་རུ། ས་མཱ་ཛ་ས་མཱ་ཛ། ཞེས་བརྗོད་པས། མཁའ་འགྲོ་མ་ཐམས་ཅད་སྲོག་རང་དབང་མེད་པར་འདུས་ཏེ། མཆོད
329b5 ནས་སྲོག་གི་སྙིང་པོ་ཕུལ་བ། མ་རག་ཤ་ཁ་མུན་ཛ། ཏྲག་རཀྵ་སྙིང་ཁ་རག་མ་བཛྲ་དུན་ཏིང་། རག་མོ་ཡག་མོ་མ་ར་ཎ་བྷྱོ།། ཌཱཀྐི་ནི་དེ་ཝ་ཨ་སུ་ར་ནཱ་ག་ཡག་ཤ་རག་ཤ་བཱི་ཙ་ཤ་དྷཱིཥྚ་རཥྚ་ག་རུ་ཌ་ཀིནྣ་ར་མ་ཧོ་ར་ག
329b6 ཨག་ནི་བ་རུ་ཎ། རུ་ཏྲ་བ་ཏི། གནྠརྦྷ་ཏིརྱ་ཀ་པྲེ་ཏ་ཀ་ན་རཀ་ཀརྨ་ན་ར་ཀ་སརྦ་ཌཱཀྐི་བཱ་ཏ་ལ་བཱ་ལ་བ་སི། སརྦ་ཌཱཀྐི་ཨ་ནན་ཏ་རི་བ་ཙ་ར། སརྦ་ཌཱཀྐི་ནི་བྷྱོ་བྷཱུ་མ་ཏ་བྷྱོ་བྷྱོ་རུ་རུ། ཞེས་ཕུལ་བས། ཧེ་རུ་ཀ་ཆེ་བའི་ང
iiif viewer powered by OpenSeadragon
329a - 330a