| | e-texts navigator
|
253b1 ལེའུ་སྟེ་གཉིས་པའོ།། །། དེ་ནས་ཁྲག་འཐུང་གི་རྒྱལ་པོས་སྲོག་གི་སྙིང་པོ་འདི་རྣམས་དྲངས་ཏེ། མ་མ་ཏྲག་རཀྵ་དྷ་དྷ་དྷ་པ་མི་མ་ཧ་མ་མ་ཤ་ཏཱཾ། ཨ་མུ་ཀ་ཤ་ཧཱུཾ། རུ་ཀུ་རུ་ཀུ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ།
253b2 ཨོཾ་སྲོག་ལ་མྱུར། རག་མོ་ཡག་མོ་ཀ་ལ་དུམ་པ་སྙིང་རྩ་ཤ་ལ་མ་ཡཾ་སརྦ་བིགྷྣཱན་བཾ་ཧཱུཾ་ནི། སྲོག་ལ་ཡཾ་རྦད། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མ་ར་ས་ན་ས་པ་ཡ་ར་ཏ་ན་ཡེ་ཧཱུཾ་ཕཊ། སྙིང་ཕྲིལ་ཕྲིལ། སྲོག་ཡ་མ་ཡམ། ཆུ་མ་ཏ་ཡ་ཧཱུཾ
253b3 ཕཊ། སྙིང་ལ་ཟ་བ་མ་ཏེ་ཤ་ཡ་ཧཱུཾ་ཕཊ། རྟགས་ཐོན་སྙིང་ཏྲག་ཤ་ཛ། ཙིཏྟ་སྲོག་ཏུད་ཏུད། ཐུམ་རི་ལ་ཤམ་ཁྱེར་བྷྱོ།། ལས་ཀྱི་མཐའ་བརྟུལ་ཕྲིན་ལས་ཤམ་ཁྱེར་བྷྱོ། ཞེས་ནག་མོའི་ཚོགས་ཀྱི་སྐུ་གསུང་ཐུགས་དང་།
253b4 སྲོག་གི་སྙིང་པོ་དང་། འགུགས་བྱེད་ཀྱི་སྙིང་པོ་དང་། དྲིལ་དེ་གཙོ་བོ་ལ་ཕུལ་བས་ཁྲག་འཐུང་གི་རྒྱལ་མོ་ཞལ་མངོན་སུམ་དུ་ཁུགས་པར་གྱུར་ཏོ།། ནག་མོའི་ཚོགས་ཀྱིས་ཀྱང་ལས་མངོན་དུ་བྱེད་པར་གྱུར་ཏོ།། སྦས
253b5 པ་ནག་མོའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཁྲག་འཐུང་གི་རྒྱལ་པོས་རྦད་པའི་བྱ་ཐབས་འདི་གསུངས་ཏེ། དཔལ་ཆེན་ཏིང་འཛིན་མངོན་ཞུགས་ནས།། ཐུགས་ཀའི་ཛཿལས་ལྕགས་ཀྱུ
253b6 འཕྲོས།། དགྲ་བགེགས་ཤེས་པ་བཀུག་ནས་ནི།། ཨཱ་བེ་ཤ་ཡིས་བསྟིམ་པར་བྱ།། གྲོ་ག་ཤིང་ཤུན་གྲོག་མཁར་ས།། གནས་ལྔའི་རྫས་ནི་སྦུ་བར་བྱ།། ལིངྒ་བཅས་ལ་མིང་རུས་བྲི།། མོན་པ་ནག་པོའི་ཐོད་པར
iiif viewer powered by OpenSeadragon
253a - 254a