e-texts navigator
Collection
Volume
Page
Wylie

108a1 ངག་བསྒྲིམས་ཏེ་ཉོན་ལ། དེ་ལྟར་མཉན་ཞིང་གོ་བས་དགའ་བ་དང་སྒྲུབ་པ་ལྷུར་བྱས་ན་དངོས་གྲུབ་ཐམས་ཅད་འབྱུང་བར་ངེས་པའོ།། ཁྱོད་ཀྱིས་དེ་ལྟར་མ་བྱས་ན་གོང་གི་མཁའ་འགྲོ་ཁྲོས་པའི་ཆད་པས
108a2 མགོ་ཚལ་པ་བརྒྱ་དང་། སྙིང་དུམ་བུ་སྟོང་དང་། ལུས་སེམས་གཞན་དུས་ཀྱི་མེས་ཚིག་སྟེ་ན་རག་ཏུ་སྲེག་པར་འགྱུར་རོ་ཞེས་གསུངས་ནས། ཐམས་ཅད་སྣོད་དུ་རུང་བ་ཞེས་བྱ་བའི་དབང་བསྐུར་ནས། ལམ་རྣམ
108a3 པར་དབྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་ཏིང་ངེ་འཛིན་དེའི་མཐུས་ལམ་དབུའི་གཙུག་ནས། མ་མོའི་ལུས་ཀྱི་དབང་གི་ལམ་རྣམ་པར་སྤྱོད་པ་ཞེས་བྱ་བའི་སྒྲ་དང་འོད་ཟེར་དཀར་པོ
108a4 བྱུང་ངོ་།། དེ་བཞིན་དུ་མགྲིན་པའི་གླིང་བུ་གསེར་གྱི་བུམ་པ་ལས་ངག་གི་དབང་གི་ལམ་རྣམ་པར་སྤྱོད་པ་ཞེས་བྱ་བའི་འོད་ཟེར་དམར་པོ་དམར་པོ་འདྲ་བ་སྒྲ་དང་བཅས་པ་བྱུང་ངོ་།། ཐུགས་ཀའི་དཔལ་གྱི་བེའུ་ལས
108a5 སེམས་ཀྱི་དབང་གི་ལམ་རྣམ་པར་འབྱེད་པ་ཞེས་བྱ་བའི་འོད་ཟེར་ཁ་དོག་ནག་པོ་ནག་པོ་འདྲ་བར་སྒྲ་དང་བཅས་པ་བྱུང་ངོ་།། སྐུའི་ལྟེ་བ་ལས་ཀྱང་ཡེ་ཤེས་ཀྱི་དབང་གི་ལམ་རྣམ་པར་འབྱེད་པ་ཞེས་བྱ་བའི་འོད་ཟེར
108a6 དམར་སེར་དམར་སེར་འདྲ་བ་བྱུང་ཏེ་མ་མོའི་ལམ་ལ་སོགས་པ་བཀའ་སྩལ་པ། ཉོན་ཅིག་སྐལ་ལྡན་དད་པ་ཅན།། ལས་དང་སྨོན་ལམ་མཐུ་བཙན་པའི།། བརྟན་པའི་སེམས་ལྡན་བརྟུལ་ཞུགས་ཅན།། ཕ་རོལ་ཕྱིན




iiif viewer powered by OpenSeadragon

107b - 108b

Texts on this page

Gpb029.003 - ma mo lam rgyud lung