| | e-texts navigator
|
95b1 མགོ་ཅན་དང་། ཁྭ་ཏའི་མགོ་ཅན་དང་། ཁྭའི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། བྱི་ལའི་མགོ་ཅན་ལ་སོགས་པ་རྣམས་དང་། ཡང་སྦྲུལ་དང་། སུམ་སྦྲུལ་ལ་སོགས་པ་ཆོ་འཕྲུལ་འབར་བའི་ཚོགས་ཀྱིས་དཔལ་རྡོ
95b2 རྗེ་གཞོན་ནུ་དེ་ལ་བསྐོར་བས་དཀྱིལ་འཁོར་གྱི་བདག་པོར་བཞུགས་སོ།། དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་འབྱུང་བ་འདི་ཇི་ལྟར་ལགས། ཞེས་གསོལ་པ་དང་། ཀཱི་ལ་ཡས་བཀའ་སྩལ
95b3 པ། ལེགས་སོ་གསང་བའི་བདག་པོ་ཁྱོད།། གང་གི་དོན་དུ་ཁྱེད་ཀྱིས་ཞུས། ཞེས་བཀའ་སྩལ་ཏོ།། གསང་བའི་བདག་པོས་གསོལ་པ། གདུག་རྩུབ་རྣམས་ལ་ཕན་དོན་དུ། ཁྱོད་ཀྱིས་བཀའ་སྩོལ་བདག་གིས་ཉན།
95b4 ཞེས་པས་ཀཱི་ལ་ཆེན་པོས་ཞེ་སྡང་གི་འཛུམ་གྱིས་ཐམས་ཅད་དུ་བལྟས་པས། ཀཱི་ལ་ཡའི་ཨག་ཚོམ་ལ་སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས། རྡོ་རྗེ་ཕུར་བུའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པས། སྟོང་གསུམ་གྱི
95b5 སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ། གཡོས། ལྡེག་འཕར། ཆེམ་ཆེམ། འུར་འུར། ཟུག་ཟུག་གི་སྒྲ་ཆེན་པོས་བདུད་རཱུ་ཏྲ་ལ་སོགས་པ་ཐམས་ཅད་དུས་གཅིག་ཏུ་བརྒྱལ་ནས། གན་བུབ་ཏུ་འགྱེལ
95b6 ནས་ཁྲག་ཏུ་སྐྱུགས་སོ།། དེ་ནས་དེ་དག་མི་ནུས་བཞིན་དུ་ལངས་ནས། གཅིག་གིས་གཅིག་ལ་དྲིས་པས། སུས་ཀྱང་མ་ཤེས་སོ།། དེར་དེ་དག་ཐམས་ཅད་ཐེ་ཚོམ་གྱི་དྲ་བར་ཚུད་ནས། འདི་སུའི་མཐུ་ཡིན། སུའི་བྱིན
iiif viewer powered by OpenSeadragon
95a - 96a