e-texts navigator
Collection
Volume
Page
Wylie

91b1 དང་། སྨྱོ་བྱེད་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཁས་བླངས་སོ།། རྒྱུ་འབྲས་མ་རྟོགས་པས་དེ་ལྟར་སྣང་ངོ་།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། དམ་ལ་གནས་པའི་ལེའུ་སྟེ་གསུམ་པའོ།། །། དེ
91b2 ནས་བཅོམ་ལྡན་འདས་ཀཱི་ལ་ཡ་ཆེན་པོས། དོན་དམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་མོ་ཆེན་པོའི་ཏིང་ངེ་འཛིན་དུ་མཛད་ནས། གནས་དྲུག་ནས་འོད་ཟེར་བྱེ་བ་དྲུག་ཅུ་བཀྱེའོ།། དེ་བཀྱེ་བས་འོད
91b3 ཟེར་རིགས་ལྔའི་ཚོགས་ལ་ཕོག་རིགས་ལྔའི་ཡང་གནས་དྲུག་ཏུ་འཕྲོས་པས་གནས་གང་ནས། དེའི་འོད་ཟེར་ཡང་གཅིག་ནས་གཅིག་ལ་འདུས་པས། ཡི་གེའི་ཚོགས་དཔག་ཏུ་མེད་པར་གྱུར་ཏོ།། གྱུར་མ་ཐག་ཏུ་ཡི
91b4 གེགེ་འདུས་པས་འོད་ཟེར་ཡང་འདུས་ནས། ཡི་གེ་ཧཱུཾ་གཅིག་ཏུ་འདུས་སོ།། དེ་ནས་ཡང་རིགས་ལྔའི་ཚོགས་ལས་འོད་ཟེར་ཡང་ནས་ཡང་དུ་འཕྲོས་འདུས་པས་སྒྲ་ཕྲིན་ལས་རྣམ་བཞིའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ
91b5 སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པས་སྒྲ་འདུས་སོ།། འདུས་ནས་འདུས་མ་ཐག་ཏུ་དཔལ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཁྲོ་བོ་ཐམས་ཅད་འདུས་པ
91b6 བས་ཀྱང་གཟི་མདངས་ཆེ་བ་ནི་ཕྱག་རྒྱ་གསུམ་འདུས་པ་སྟེ། ཁྲོ་བོ་དངོས་པོ་ཡང་དག་པའི་ཁྲོ་བོའོ།། ཤིན་ཏུ་བརྗིད་པའོ།། གསང་བའི་ཡང་གསང་བའི་ཁྲོ་བོ་ཆེན་པོ་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས




iiif viewer powered by OpenSeadragon

91a - 92a

Texts on this page

Gpb027.014 - rgyud kyi rgyal po rdo rje phreng ba