| | e-texts navigator
|
36b1 རས་ན་བྲི།། སྙིང་གར་སྲུང་མ་གསུམ་གྱི་སྔགས་བྲིས་ལ།། གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ།། མཐའ་མ་ཁྲོ་བཅུའི་སྔགས་ཀྱི་བསྐོར།། ས་ཆོ་ག་སྔོན་འགྲོ་མཚམས་གཅད་བྱ།། བསྙེན་བསྒྲུབ་གནད་སྲེག་འཕང་དང
36b2 གདབ།། སྒྲུབ་པ་ཆེན་པོའི་བཀའ་བཞིན་བྱའོ།། གནོད་ཚབ་ཆུང་ལ་རང་སྔགས་བསྲུངས།། གནོད་ཚབས་ཆེན་གདབ་ལས་བྱ།། དེ་ལྟར་བྱས་ན་ཐེ་ཚོམ་མེད།། རྟ་མགྲིན་རྒྱལ་པོའི་རྒྱུད་ལས། ས་བདག་བསྲུང་བའི
36b3 ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའི་དོན་བསྟན་ཏེ།། ལྟེ་བར་གཏུམ་མོ་འབར་བ་ལ།། འཁོར་ལོ་རྩིབས་བཅུ་རབ་ཏུ་བསྟན།། ཆོས་ཀྱི
36b4 འཁོར་ལོ་བཅུ་དྲུག་པོ།། ལོངས་སྤྱོད་འཁོར་ལོ་རླབས་ཆེན་པོ།། བཅུ་དྲུག་ཆ་ལ་མཉམ་པར་བསྒོམ།། བདེ་བ་ཆེན་པོའི་འཁོར་ལོ་ནི།། སོ་གཉིས་པར་ནི་རབ་ཏུ་བཤད།། གཡས་པའི་རྩ་ནི་བྱང་ཆུབ་སེམས།། གཡོན
36b5 པའི་རྩ་ནི་མི་མཐོང་བཀྲ།། དབུས་ནི་དྷུ་མ་ཨ་བ་དྷཱ།། བདེ་བ་ཆེན་པོའི་འཁོར་ལོ་ལ།། མིང་གི་ཡི་གེ་སོ་གཉིས་དགོད།། ཆོས་དང་ལོངས་སྤྱོད་འཁོར་ལོ་ལ།། དབྱངས་ཀྱི་ཡི་གེ་བཅུ་དྲུག་དགོད།། ལྟེ་བ་ཤེས་རབ
36b6 འཁོར་ལོ་ལ།། ཨ་ཐུང་བཅུ་གཉིས་མཐའ་མ་ཨཱ།། མ་བསྒོམས་སེར་ལ་བསྒོམས་པས་དམར།། ཛྭ་ལ་རཾ་གྱིས་མེ་སྦར་ལ།། དབབ་དང་བཟློག་པ་ཚུལ་བཞིན་བྱ།། གསང་བའི་དབང་ཆེན་དེ་རུ་བསྐུར།། ཤེས་རབ
iiif viewer powered by OpenSeadragon
36a - 37a