| | e-texts navigator
|
283a1 པའི་ཐུགས།། ཡུལ་ལ་སོགས་པའི་དབང་གིས་ན།། ཐབས་དང་ཤེས་རབ་རྣམ་འབྲེལ་བ།། གདུང་རྒྱུད་འཛིན་པའི་བདག་ཉིད་པས།། གསང་བ་མཆོག་གི་དམ་ཚིག་ཡིན།། འདི་ནི་སངས་རྒྱས་ཐམས
283a2 ཅད་ཀྱི།། འདའ་བར་མི་མཛད་དམ་ཚིག་མཆོག། བླུན་པོ་གང་ཞིག་འདའ་བྱེད་ན།། དེ་ལ་དངོས་གྲུབ་མཆོག་མེད་འགྱུར།། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས།། རྒྱལ་བའི་དཀྱིལ་འཁོར་རྒྱུན་ཞུགས་ནས།། རྡོ་རྗེའི
283a3 ལམ་བྱུང་འོད་ཟེར་གྱིས།། གསང་བའི་དབྱིངས་སུ་ཞུ་མཛད་དོ།། དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི།། ཐུགས་ཀ་ནས་ནི་བྱུང་གྱུར་ཏེ།། འགྲོ་བའི་དོན་ཀུན་རབ་མཛད་ཕྱིར།། ཆོས་ཀྱི་འཁོར་ལོ་སྐོར་བར
283a4 བྱེད།། དོན་རྣམས་མཛད་ནས་བརྟུལ་ཞུགས་ཀྱིས།། ཉིད་ཀྱི་ཐུགས་ཀར་ཐིམ་གྱུར་ཏེ།། ཧོ་ཨོཾ་ཨཱཿཧཱུཾ་ཧོ། བྱང་ཆུབ་སེམས་ཀྱི་བདག་ཉིད་ལ།། ལྷ་མོས་བསྐུལ་བས་ཕྱག་རྒྱ་གསལ། གསང་བའི་དཀྱིལ་འཁོར་བསྐྱེད
283a5 མཛད་ནས།། དཀྱིལ་འཁོར་ཐམས་ཅད་རྫོགས་པ་ལ།། གསང་བའི་དོན་རྣམས་སྟོན་པར་མཛད།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་གསང་བའི་དཀྱིལ་འཁོར་རྫོགས་པར་བསྐྱེད་ནས།། འདི་སྐད
283a6 ཅེས་གསུངས་ཏེ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི།། དཀར་དམར། དངས། དང་བའི་རང་བཞིན་གཟུགས།། རྣམ་པར་སྣང་མཛད་ཀྱི་བདག་ཉིད།། མོས་པའི་དགའ་བ་རིན་ཆེན་འབྱུང་།། མཚན་མར་འཛིན་པ
iiif viewer powered by OpenSeadragon
282b - 283b