| | e-texts navigator
|
281b1 གདོལ་པ་དང་།། སྨྱིག་མ་མཁན་དང་ཤན་པའི་རིགས།། བཙོ་བླག་མཁན་གྱི་བུ་མོ་རྣམས།། རྙེད་ནས་དོར་བར་མི་བྱའོ།། གསལ་ལྡན་མ་ཡི་རང་བཞིན་ལ།། ཡན་ལག་བརྒྱད་དང་ལྡན་བྱས་ཏེ།། སྔགས་གྲུབ་འདོད
281b2 པ་གང་ཡིན་པས།། བྱིན་གྱིས་བརླབ་པ་རབ་ཏུ་བརྩམ།། སྙིང་ག་སྨིན་མཚམས་ལྟེ་བ་དང་།། གསང་བའི་གནས་དང་རྐང་པའི་བར།། ཉི་མ་དང་ནི་ཟླ་བར་བཅས།། རིན་ཆེན་ཟུར་བརྒྱད་པདྨ་བརྒྱད།། མེ་ཡི་དཀྱིལ
281b3 འཁོར་གྲུ་གསུམ་ལ།། ཕྱག་རྒྱ་བཞི་དང་རབ་ལྡན་པའི།། རྒྱལ་བའི་བདག་ཉིད་གསང་ལས་སྐྱེས།། རིགས་ལྔ་ལ་ནི་རབ་ཏུ་དམིགས།། སྤྱི་བོ་ལོང་བུ་རྐང་པའི་མཐིལ།། ཨ་ཡིག་རྣམས་ཀྱིས་ཐེམ་པར
281b4 གཏམས།། གསང་བའི་གནས་སུ་ཨ་དང་ཧཱུཾ།། གསང་བའི་ནོར་བུ་ཨོཾ་བསྐྱེད་པ།། རྩེ་མོ་ཕཊ་ནི་ནག་པོར་བསམ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཡེ་ཤེས་ས་བོན་འཕེལ་བར་བྱེད།། རྒྱལ་བ་རྣམས་ཀྱི་བདག
281b5 ཉིད་པས།། རྣལ་འབྱོར་པས་ཀྱང་བསྒྲུབ་པར་བྱའོ།། འདོད་ཆགས་ཆེན་པོའི་ཚུལ་གྱིས་སུ།། ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ།། འཁོར་རྣམས་ཐུགས་ལ་བཞུགས་པ་ཡིས།། ཤེས་རབ་མ་ནི་དགའ་བར་བྱ།། ཨོཾ
281b6 སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། བྱང་ཆུབ་སེམས་ནི་བྱུང་བའི་ཚེ།། མཁས་པས་སྔགས་ནི་ཕཊ་ཅེས་བརྗོད།། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏཱཏ་ཏ་ཨོཾ་ཨཱཿཧཱུཾ། བྱང་ཆུབ་སེམས་ཀྱི།
iiif viewer powered by OpenSeadragon
281a - 282a