e-texts navigator
Collection
Volume
Page
Wylie

280b1 འཚང་རྒྱ་གདོན་མི་ཟ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། གསང་བ་དམ་པ་མཆོག་གིས།། འདའ་བར་མི་བྱེད་དམ་ཚིག་ཡིན།། བླུན་པོ་གང་ཞིག་འདའ་བྱེད་པ།། དེ་ལ་དངོས་གྲུབ་མི་འབྱུང་ཞིང་།། དུག་དང
280b2 མཚོན་དང་ནད་བགེགས་ཀྱིས།། བསད་ནས་སེམས་ཅན་དམྱལ་བར་སྐྱེ།། གང་གིས་གསང་བ་མི་ཤེས་པར།། དམ་པའི་དོན་ལ་འཇུག་པ་ནི།། ལྡངས་པས་ནམ་མཁའ་བསྙེག་པ་འདྲ།། རྣམ་པར་དབེན་དོན་མི་ཤེས
280b3 པར།། ཐོས་པ་ཙམ་ལ་འཇུག་བྱེད་པ།། གང་དག་བསོད་ནམས་མི་བྱེད་པ།། སྐྱེས་བུ་ཆེན་པོ་དེ་དག་བརླག། ཡང་དག་དོན་གྱི་རང་བཞིན་ལ།། གཏོང་བ་ལ་སོགས་རྣམ་བརྒྱན་པ།། འགལ་བར་མི་བྱ་དགག་པ
280b4 མིན།། ཐབས་དང་ཤེས་རབ་ལྡན་པར་བྱ།། རྣམ་པར་དབེན་པ་རབ་ཤེས་ནས།། གསང་བའི་དོན་ལ་འཇུག་འགྱུར་ཏེ།། དེ་ཡིས་ཡང་དག་རྣམ་པར་མཐོང་།། སྒྲ་ཡི་དོན་ལ་འཇུག་པ་མིན།། དོན་དམ་ཚོལ་ལ་དང་པོར
280b5 ནི།། དངོས་པོའི་རང་བཞིན་གསུངས་པ་སྟེ།། དོན་རྣམས་རྟོགས་ཤིང་ཆགས་མེད་ན།། གསང་བ་དམ་པ་སྦྱིན་པར་བྱ།། དབང་སྐུར་གནང་བ་ཐོབ་ནས་ནི།། ཉན་དང་བསམ་པ་ལ་སོགས་པའི།། བླ་མའི་རྒྱུད་ལ
280b6 གནས་པ་རྣམས།། སྦྱངས་ཤིང་རྟོགས་པར་མ་བྱས་ན།། གཅེར་བུ་ལག་པ་སྟོང་པར་འགྲོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གསང་བ་གསང་ཆེན་སྙིང་པོ་རྣམས།། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས།། བླ




iiif viewer powered by OpenSeadragon

280a - 281a

Texts on this page

Gpb027.024 - rdo rje 'bar ba'i rgyud