| | e-texts navigator
|
279b1 སྤྲས།། ཆོས་ཀྱི་འཁོར་ལོ་རི་དྭགས་གཉིས། ཕྱོགས་རྣམས་ཀུན་ཏུ་མཛེས་པར་གནས།། གདུགས་ཆེན་གསེར་གྱི་ཡུ་བ་ཅན།། གསལ་འཚེར་མཛེས་པའི་སོར་ཕྲེང་ཅན།། རྣམ་པ་སྣ་ཚོགས་རྒྱན་གྱིས
279b2 བཀླུབས།། དབྱིབས་དང་ཁ་དོག་ཁྱད་པར་ཅན།། ཚད་རྣམས་དཔག་ཏུ་མེད་པ་སྟེ། གཞལ་ཡས་བརྩེགས་པ་དེ་ལ་བསྒོམ།། སྣ་ཚོགས་པདྨ་དེ་ལ་བསྒོམ།། ཉི་ཟླ་བརྩེགས་པ་མནན་པ་ནི།། སངས་རྒྱས་དམ་པ་རྣམས
279b3 ཀྱི་གདན།། རང་གི་མཚན་དང་ལྡན་པ་ཡིས།། འདོད་ཆགས་ཨ་ལ་སོགས་ཡིག་འབྲུ།། དབུས་ཀྱི་ཉི་མའི་གདན་ལ་སེམས།། ཡེ་ཤེས་ཟླ་བ་བརྩེགས་པ་བསྒོམ།། དཀྱིལ་ན་ཨ་དང་ལི་ཉིད་དེ། ཁ་འཐོར་ཐབས་ཀྱི་ཡི
279b4 གེ་ནི།། ཤེས་རབ་ཡེ་ཤེས་རྣམ་པར་སྤྲས།། མཚན་དང་དཔེ་བྱད་ལྡན་པར་བྱེད།། ཤེས་རབ་སྒྲ་ཡིག་བཅུ་དྲུག་ནི།། རྣམ་པ་གཉིས་སུ་གྱུར་པའོ།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱི། ཨོ་ཨཽ། ཨཾ་ཨཱ། རྀ་རཱྀ། ལྀ་ལཱྀ། ཡེ
279b5 ཤེས་ལྔ་ཡི་རང་བཞིན་ལས།། རིགས་ལྡན་རྣམ་པར་སྣང་མཛད་ནི།། ཆོ་ག་ལྔ་ཡི་སྤྲོ་བསྡུ་ཡིས།། ཡེ་ཤེས་མངོན་པར་བྱང་ཆུབ་པའོ།། རྒྱུན་དུ་དཀྱིལ་འཁོར་མ་ལུས་ཐོགས།། སྐུ་གསུང་ཐུགས་སུ་ཡང་དག
279b6 ལྡན།། དབང་བསྐུར་བྱ་སྟེ་བསྒྲུབ་པར་བྱ།། ཐབས་མཁས་ཐབས་དང་ལྡན་པ་སྟེ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་ནས་ནི།། ཐབས་དང་ཤེས་རབ་ཡི་གེར
iiif viewer powered by OpenSeadragon
279a - 280a