e-texts navigator
Collection
Volume
Page
Wylie

279a1 ནི།། རིགས་སུ་མ་ཡིན་མཚུངས་པའི་ཕྱིར།། ཚད་མེད་པའོ་ཞེས་བྱའོ།། དམ་པའི་དོན་གྱི་བདེ་ཆེན་དེ། ཀུན་རྫོབ་སེམས་བསྐྱེད་གཟུགས་རྣམ་གཉིས།། རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས།། སངས
279a2 རྒྱས་ལ་སོགས་འཁོར་ལོ་བསྐོར།། མཚན་མེད་པ་ཡི་ཏིང་ངེ་འཛིན།། ཧཱུཾ་ཡིག་དཀར་པོའི་ཁྱད་པར་ལས།། གྲུ་གསུམ་དཀར་པོ་ཡར་བསྒྲེང་ནས།། སྣ་ཚོགས་འོད་ཕྱོགས་འཁོར་སྒྱུར་བ།། བྷ་གའི་རང་བཞིན་རྡོ་རྗེས
279a3 མཚན།། ཆོས་འབྱུང་ཡེ་ཤེས་རང་བཞིན་ནི།། དྲི་མ་མེད་ཅིང་ཞི་བའོ།། དེ་ནི་ནང་གི་འཁོར་ལོ་ཉིད།། སྣ་ཚོགས་པདྨ་རྡོ་རྗེས་བརྒྱན།། དེ་ཡི་སྟེང་དུ་བྷྲཱུཾ་འཁོར་ལོ། རིག་མར་བཅས་པའི་སྣང་མཛད་བསྐྱེད།། ཞལ
279a4 གསུམ་པ་ལ་ཕྱག་དྲུག་སྟེ།། ཞལ་གཡས་ནག་ཅིང་གཡོན་པ་དམར།། རྩ་ཞལ་དབུས་ནི་དཀར་པོའོ།། ཕྱག་གཉིས་རིག་མ་འཁྱུད་ནས་ནི།། གཡས་ན་འཁོར་ལོ་རལ་གྲི་སྟེ།། གཡོན་ན་རིན་ཆེན་པདྨའོ།། གྲུ་བཞི་པ་ལ
279a5 སྒོ་བཞི་པ།། ལྟེ་བ་རྩིབས་དང་བཅས་པ་དང་།། གྲུ་ཆད་པར་ཁྱམས་རིན་ཆེན་ཤར།། ཐེམ་སྐས་རྟ་བབས་རྣམས་ཀྱིས་བརྒྱན།། སྒོ་ཁྱུད་བཞི་ནི་མཆོག་ཏུ་མཛེས།། གར་དང་རིན་ཆེན་པདྨ་དང་།། རིན་ཆེན་ཕ་གུས་སྒོ
279a6 འགྲམ་བྱས།། དྲ་བ་དྲ་ཕྱེད་ཕྱེད་པ་དང་།། མུ་ཏིག་ཕྲེང་བ་ཧ་ར་དང་།། ཡ་ཕུབ་རྡོ་རྗེ་བཅུ་གཅིག་འབུར།། རིན་ཆེན་ཤར་བུས་ཕྱོགས་རྣམས་བརྒྱན།། ཆུན་འཕྱང་རྣམས་དང་ལྡན་པ་དང་།། དར་བུ་ཁྱད་ཀྱིས་རྣམ་པར




iiif viewer powered by OpenSeadragon

278b - 279b

Texts on this page

Gpb027.024 - rdo rje 'bar ba'i rgyud