e-texts navigator
Collection
Volume
Page
Wylie

278b1 ཆད་པའང་མེད།། འོང་བ་མེད་དང་འགྲོ་མེད་པ།། དེ་བས་རྒྱུ་ཡི་རང་བཞིན་ནི།། ངོ་བོ་ཉིད་ཀྱིས་མ་གྲུབ་པས།། ཡོད་པ་མ་ཡིན་མེད་པའང་མིན།། བདག་དང་གཞན་ཡང་མེད་པ་སྟེ།། ཅི་ལའང་མི་དམིགས་མི་རྟོག
278b2 པ།། དེ་ཉིད་རྣམ་པར་ཐར་པའི་སྒོ།། རྐྱེན་གྱིས་རང་གི་ངོ་བོ་ནི།། རྒྱུ་མ་གྲུབ་པས་མི་བསྒྲུབ་ཅིང་།། ངོ་བོ་ཉིད་ཀྱིས་མ་བསྐྱེད་པས།། མཚན་མ་མེད་པའི་རྣམ་ཐར་རོ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཅིང་།། འབྲས་བུ
278b3 རང་ཉིད་མི་སྐྱེ་བས།། སྨོན་པར་བྱ་བའི་ངེས་བྲལ་ཏེ།། སྨོན་པར་བྱ་བ་རྣམ་ཐར་རོ།། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། དམ་པའི་དོན་དུ་བསྒོམ་པ་ནི།། དོན་དམ་པ་ཡི་སེམས་བསྐྱེད་ལ།། འགྲོ་བའི
278b4 དོན་དུ་བྱ་བའི་ཕྱིར།། ཀུན་རྫོབ་པར་ཡང་སེམས་བསྐྱེད་དེ།། བྱམས་དང་སྙིང་རྗེ་ལྡན་པ་དང་།། དགའ་དང་བཏང་སྙོམས་སེམས་བསྐྱེད་དེ།། སྟོང་པ་ཉིད་ཀྱི་རང་བཞིན་ལས།། ཤུགས་ཀྱིས་སྙིང་རྗེའི་ཡུལ་དག
278b5 འབྱུང་།། ཐེག་པ་ཆེན་པོར་གྲགས་པས་ན།། ཐབས་དང་རབ་ཏུ་འབྲེལ་བའོ།། གང་རྣམས་སྡུག་བསྔལ་ཉེན་པ་ལས།། བྲལ་བར་འདོད་པ་སྙིང་རྗེ་ཡིན།། བྱམས་པས་ཕན་པ་སྒྲུབ་པ་སྟེ།། ཀུན་ལ་སྐྱོབ་ཅིང་ཕན་པར
278b6 དགའ།། དགའ་བ་རབ་ཏུ་དགའ་བ་སྟེ།། དམ་པའི་དོན་ལ་འདུན་པའོ།། ཆགས་སྡང་གཉིས་དང་བྲལ་བ་ནི།། བར་མའི་སེམས་དང་ལྡན་པ་སྟེ།། དོན་དམ་པ་ཡིས་བཏང་སྙོམས་སོ།། ཁྱབ་པར་བྱེད་པའི་བདག་ཉིད




iiif viewer powered by OpenSeadragon

278a - 279a

Texts on this page

Gpb027.024 - rdo rje 'bar ba'i rgyud