| | e-texts navigator
|
277b1 ཏུ་བཞུགས་པ་དང་། ཁུ་ཚུར་གཉིས་དཀུ་རུ་རྟེན་པ་ནི་སྒེག་པའོ།། གྱད་ཀྱི་དོར་ཐབས་སུ་བྱས་པ་ལ། གཡོན་གྱིས་འཛིན་པ་ལྟར་བྱས་ནས། གཡས་ཀྱི་སོར་མོ་གདེངས་ཏེ། བརྡེག་པ་ལྟར་བྱས་པ་ནི་དཔའ་བོའི
277b2 འོ།། དེ་ཉིད་ལས་གཡས་པའི་ཁུ་ཚུར་བཅངས་ཏེ། སོ་བསྡམས་ཤིང་མཆེ་བ་གཙིགས་པ་ནི།། འཇིགས་སུ་རུང་བའོ།། དེ་ཉིད་ལག་པ་གཉིས་བསྣོལ་ནས་ཡུམ་ལ་འཁྱུད་པ་ལྟར་བྱས་པ་ལས། ཧི་ཧི་ནི་བགད་པའོ།། དེ
277b3 ཉིད་ལས་ཧ་ཧ་ནི་རྒོད་པའོ།། རྐང་པ་གཉིས་དེ་ཉིད་ལས་ལག་པ་གཉིས་དཀུ་ལ་བརྟེན་ཏེ། ཁ་གདངས་ནས་ལྕེ་བརྐྱང་བ་སྟེ། ཕན་ཚུན་དུ་བསྙེར་ཞིང་བལྟས་ན་ནི་གཤེ་བར་བྱེད་པའོ།། དེ་ཉིད་ལས་མིག་ཕབ་སྟེ།།
277b4 བསྙེར་ནས་འདུག་པ་ནི་སྙིང་རྗེ་བའོ།། རྐང་པ་དོར་ཐབས་སུ་བྱས་ནས། གཡོན་ཐོ་བ་འཛིན་པ་ལ་གཡས་ཀྱི་རྡོ་རྗེ་དགུག་ཅིང་། ཧ་ཧ་ཞེས་བརྗོད་ཅིང་འཐུང་བ་ནི་རྔམ་པའོ།། དེ་ཉིད་ལས་མཉམ་པའི་ཕྱག་རྒྱ་བཅས
277b5 ཏེ། ཟ་མར་འདུག་པ་ནི་ཞི་བའོ།། དེས་ཧེ་རུ་ཀའི་ཕྱག་རྒྱ་བཅས་ཏེ། དཔྲལ་བའི་སྒྲ་མཚམས་སུ་བཞག་ལ། ཨ་ཨ་ཨེ་ཨ་ར་ལི་ཧོཿཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཱཾ། བཛྲ་ཌཱ་ཀི་དྲྀ་ཤྱ་ཧོ། ས་མ་ཡ་ཕཊ། ཁ་ཁ་ཁཱ་ཧི་ཡིས
277b6 བསྐུལ་བར་བྱའོ།། སརྦ་དྷཱ་ཀི་ནཱི། སརྦ་རཀྑ། སརྦ་ཡཀྐ། སརྦ་བྷཱུ་ཏ། སརྦ་པྲེ་ཏ། སརྦ་བི་ཤཱ་ཙ། སརྦ་ཨུཏྤཱ་ད། སརྦ་ཨཱ་པསྨ་ར། ཨི་དཾ་བ་ལི་བྷུཉྫ་ཐ། པི་བ་ཐ་གྲྀ་ཧྞ་ཏུ། ཛི་གྷཱ་ཐ། མ་ཏཱི་ཀྲ་མ། མ་མ་སརྦ་ཀརྟྟ་ཡ། སཏྭ
iiif viewer powered by OpenSeadragon
277a - 278a