e-texts navigator
Collection
Volume
Page
Wylie

277a1 མཚན།། དམར་པོའི་འོད་ཀྱི་ཕྲེང་བས་བསྐོར།། དེ་ཡི་སྟེང་ན་ཡི་གེ་མོཾ། རྡོ་རྗེ་གཉིས་དང་ཡང་དག་ལྡན།། དེ་སྟེང་པཾ་ལས་བྱུང་བ་ཡི།། བ་མོའི་མདོག་ལ་བུམ་པས་བརྒྱན།། དཀར་པོ་འོད་ཀྱི་ཕྲེང་བས
277a2 བསྐོར།། དེ་ཡི་སྟེང་ན་ཡི་གེ་ཧཱུཾ།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། དེ་སྟེང་སུཾ་ལས་བྱུང་བ་ཡི།། སེར་པོ་གྲུ་བཞི་རྡོ་རྗེས་མཚན།། སེར་པོ་འོད་ཀྱི་ཕྲེང་བས་བསྐོར།། དེ་ཡི་སྟེང་ན་ཡི་གེ་ཨོཾ།། རྡོ་རྗེ་ཉིད་དང་ཡང་དག
277a3 ལྡན།། དེ་སྟེང་ལཾ་ལས་བྱུང་བ་ཡི།། རིན་ཆེན་གྲུ་བཞི་རིན་ཆེན་བརྒྱན།། འོད་ཟེར་ལྔ་ཡི་ཕྲེང་བས་བསྐོར།། རྩེ་མོ་གཅིག་ནི་བརྒྱད་ཀྱིས་སྤྲས།། བྱ་སྐྱིབས་བྱ་འདབ་ལྡན་པ་ལ།། རྡོ་རྗེ་རྒྱ་གྲམ་མཛེས་པར
277a4 གཏམས།། དཔུང་རྣམ་པར་བཟློག་པའི་ཏིང་ངེ་འཛིན་ཏོ།། ནད་རྣམས་མྱུར་དུ་བཟློག་པའི་ཕྱིར།། རྒྱུན་དུ་གཏོར་མ་བསྔོ་བ་དང་།། མཚམས་གཅོད་པ་ཡི་དུས་སུ་ནི།། འབར་བ་ཆེན་པོའི་གར་དགུ་དང་།། ལྡན་པའི
277a5 ཁྲག་འཐུང་གསལ་བྱས་ཏེ།། མཁའ་འགྲོ་ཕྱོགས་སྐྱོང་ལ་སོགས་མཆོད།། བརྡ་ཡིས་མཁའ་འགྲོ་བོད་པའི་ཕྱིར།། སྤྱི་བོར་གར་སྟབས་བསྐུར་ནས་སུ།། གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་།། མཁའ་འགྲོ་མ་རྣམས་བསྐུལ
277a6 བར་བྱ།། དཔའ་བོ་ཆེན་པོའི་གར་དགུ་ནི།། གདོན་རྣམས་འཇོམས་པ་ཆེན་པོའི་མཆོག། དེ་ཉིད་རྣམ་པ་དགུ་པོ་འདིའོ།། གཡས་རྐྱང་པ་དང་གཡོན་བསྐུམ་པ་དང་། གྱད་ཀྱི་དོར་ཐབས་སུ་འདུག་པ་དང་། འགྱིང་བག




iiif viewer powered by OpenSeadragon

276b - 277b

Texts on this page

Gpb027.024 - rdo rje 'bar ba'i rgyud