e-texts navigator
Collection
Volume
Page
Wylie

276a1 ཀི་ལ་ཡ་ཧཱུཾ་ཕཊ། སྙིང་གའི་ཆུ་སྐྱེས་ཉིད་གཟུགས་ལས།། ཧཱུཾ་ཡིག་རྣམ་པར་བྱུང་ནས་ནི། ཁྲོ་བོ་བཅུ་ཡི་གཟུགས་སུ་གྱུར།། ཨོཾ་བཛྲ་ཀྲོ་ཏ་ཧཱཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཧ་ན
276a2 ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།། ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙིནྟ་ཙིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དནྟ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ
276a3 བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། མི་གཡོ
276a4 ལྟ་བུའི་འཁོར་བ་ཡི།། མེ་སྟག་མང་པོ་འཕྲོ་བ་ཅན།། ཕྱོགས་བཅུའི་གནས་སུ་འཁོད་པར་གྱུར།། རྡོ་རྗེ་ཕུར་བུས་བྱིན་བརླབས་ནས།། ཕྱོགས་བཅུའི་གནས་སུ་རྣམ་པར་བསམ།། དེ་ནས་རྒྱུ་ཡི་ས་བོན་ལས།། འོད
276a5 ཟེར་ལྔ་བཅུ་འཕྲོས་ནས་ནི།། འོད་ལས་སྤྲུལ་པའི་ཁྲོ་བོ་རྣམས།། ཡན་ལག་བྱིན་གྱིས་བརླབ་བྱས་ཏེ།། ཡབ་ཡུམ་སྦྱོར་བའི་མཚམས་ནས་ནི། རྡོ་རྗེའི་རིགས་ལ་སོགས་པ་ཡིས།། རང་རང་ལག་ཆ་རྣམ་འཕྲོས
276a6 པས།། བར་ཆོད་བགེགས་རྣམས་གཞིལ་བ་དང་།། གནས་བསྲུང་བ་ནི་བྱས་ནས་ཀྱང་།། རྡོ་རྗེ་ལ་སོགས་གུར་དུ་གྱུར།། སྐུ་ལ་སོགས་པའི་རང་བཞིན་ནི།། ཡེ་ནས་ཡིན་ཕྱིར་ཕྱག་རྒྱའི་བདག། སྟེང་དུ་མེ་ཡི་དཀྱིལ




iiif viewer powered by OpenSeadragon

275b - 276b

Texts on this page

Gpb027.024 - rdo rje 'bar ba'i rgyud