e-texts navigator
Collection
Volume
Page
Wylie

275b1 བ་ལས།། ཉི་མའི་དཀྱིལ་འཁོར་བསམ་པར་བྱ།། སྟེང་འོག་པདྨ་ལྷ་ཆེན་པོ།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི།། ཁྲོ་བོ་ཞེ་སྡང་གནས་ལས་བསྐྱེད།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། གཡས་དཀར་གཡོན་དམར
275b2 དབུས་མཐིང་ཞལ།། ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་ཏེ།། དང་པོ་རྡོ་རྗེ་དྲིལ་བུ་འཛིན།། ལྷག་མ་ཇི་ལྟར་འདོད་པ་ཡིན།། སྙིང་གར་ཡེ་ཤེས་སེམས་དཔའ་གནས།། ཧཱུཾ། དེ་ལས་གནོད་མཛེས་རྒྱལ་པོ་ནི།། ཐུགས་ཀ་ནས
275b3 ནི་བྱུང་གྱུར་ཏེ།། སྤྱན་སྔར་བཀའ་ནོད་ཚུལ་དུ་གནས།། རྡོ་རྗེ་ཐོ་བ་གཡས་པ་སྟེ།། གཡོན་པ་ན་ནི་ཞགས་པའོ།། ཨཱ~ཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། གྲྀཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲེ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན། བིདྱཱ
275b4 རཱ་ཛ་ཧཱུཾ་ཕཊ། བགེགས་ཀྱི་ཚོགས་ནི་རབ་བཀུག་སྟེ།། དཀྱིལ་འཁོར་རྣམས་ཀྱི་རྒྱན་དུ་བྱ།། ཨ་ཀོ་ཊ་ཡ་མུཏྐ་ར་ན།། རྡོ་རྗེ་ཕུར་པའི་ཁྲོ་བོ་ནི།། སྐུ་སྟོད་བདུད་རྩི་འཁྱིལ་པ་སྟེ།། དབྱར་གྱི་སྤྲིན་ཕུང་འདྲ་བ་ལ།། བསྐལ
275b5 པའི་མེ་བཞིན་རབ་ཏུ་འབར།། ཨིནྡྲ་ནཱི་ལའི་ཁ་དོག་འདྲ།། རྡོ་རྗེ་ཕུར་བུ་ཕྱག་རྣམས་མཆོག། སྨད་ནི་གསལ་ཤིང་ལྟ་བུ་ལ།། འོད་ཟེར་རྣམ་པར་འཕྲོ་བར་བསམ།། རྡོ་རྗེ་ཕུར་བུས་ངེས་བཏབ་ན།། བགེགས་ལུས་ཤིན
275b6 ཏུ་མི་གཡོའོ།། ཨོཾ་ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ།། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཧཱུཾ་ཕཊ། ཀཱི་ལི་ཀི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པཱ་ཡ་ཏི། སརྦ་བིགྷྣཱན། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ




iiif viewer powered by OpenSeadragon

275a - 276a

Texts on this page

Gpb027.024 - rdo rje 'bar ba'i rgyud