| | e-texts navigator
|
272b1 འཁོར་མ་ལུས་ནི།། སྐུ་གསུང་ཐུགས་ཡོན་ལས་ལྔར་འདུས།། རིགས་ལྔར་སྣང་བ་ཡེ་ཤེས་དངོས།། དེ་ཡི་བྱིན་རླབས་སྤྲུལ་པ་ནི།། ཇི་ལྟར་འདོད་པ་ཡིད་བཞིན་ཚུལ།། ཁྲོ་བོ་ཁྲོ་མོ་རྣམ་སྦྲུལ་ཡང་།། གུད་ན་མེད་དེ་དེ
272b2 ལས་སྤྲུལ།། སྤྲུལ་པ་རྣམས་ནི་རྒྱུ་ལས་འདུས།། རྒྱུ་ནི་རང་བཞིན་བྱང་ཆུབ་སེམས།། སེམས་ཉིད་ཡི་གེ་ཨར་སྣང་བ།། ཨ་མཐོང་ཆོས་ཀྱི་དབྱིངས་ཀྱང་མཐོང་།། མ་གཡོས་ལྟ་བའི་རྒྱས་བཏབ་ན།། དཀྱིལ
272b3 འཁོར་ཐམས་ཅད་བསྒོམ་པ་ཡིན།། དེ་སྐད་ཅེས་ནི་བཀའ་སྩལ་པ། ཁྱེད་ལ་གཏད་ཀྱིས་ནན་ཏན་ཟུང་།། གཟུང་དང་བཅངས་དང་བསྟན་དང་བསྒྲགས།། ལེགས་པར་གྱིས་ལ་སེམས་ལ་གནོས། ཞེས་གཏད་དོ།། དེ
272b4 ནས་འཁོར་རྣམས་ཀྱིས་བསྟོད།། ལེགས་སོ་ལེགས་སོ་བདག་པོའི་མཆོག། ལེགས་སོ་ལེགས་སོ་དོན་གྱི་གཙོ།། ལེགས་སོ་ལེགས་སོ་དོན་དང་འཚལ།། ཀུན་གྱི་བདག་ལ་ཕྱག་འཚལ་འདུད།། ཅེས་ཐམས་ཅད
272b5 དབྱིངས་ཉིད་དུ་མི་སྣང་བར་གྱུར་ཏོ།། དཔལ་རྡོ་རྗེ་འབར་བ་མན་ངག་གི་ཀལྦ་པ་དུམ་བུའི་རྒྱུད་ཟུང་། འཁོར་ལ་གཏད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། བོད་ཀྱི་མཁས་པ་ཆེན་པོ
272b6 བཻ་རོ་ཙཱ་ནས་བསྒྱུར་བའོ།། བཀའ་རྒྱུད་འདི་ཡི་རྒྱལ་པོ་སྟེ།། རྒྱ་ཆེ་རབ་ཟབ་ཆོས་ཀྱི་དོན།། འདི་ཡི་གཞུང་གནས་རྒྱས་པར་འབྱུང་།། ལས་འཕྲོ་ཅན་དང་འཕྲད་ན་སྨིན།། འདི་དོན་གབ་ཅིང་སྦས་པར
iiif viewer powered by OpenSeadragon
272a - 273a