| | e-texts navigator
|
270b1 དུ་རྒྱུ་བའི་རླུང་གནས་ཏེ།། ཐབས་ཀྱི་ཡི་གེ་རྣམས་དང་འབྲེལ།། གཡོན་པས་ཤེས་རབ་ར་ས་ན།། དྲི་ཆུ་རྟག་ཏུ་དེ་ལ་རྒྱུ།། ཉོན་མོངས་ཡིད་དང་རྟག་ཏུ་ལྡན།། ཐུར་དུ་རྒྱུ་བའི་རླུང་གནས་ཏེ།། ཤིན་ཏུ་ཕྲ་བའི་ཨ་ལི
270b2 ལྡན།། ཟླ་བ་ཉི་མ་མེ་ལོང་གསུམ།། དང་པོ་ལུ་གུ་རྒྱུད་དུ་གནས།། ཤེས་པ་གསུམ་གྱི་ངོ་བོའི་རྩའོ།། སྒོ་ལྔའི་ཤེས་པའི་གནས་དང་ལྡན།། འཁོར་ལོ་རྣམས་དང་འབྲེལ་བ་ནི། ཁང་པ་ཀ་བའི་ཚུལ་དུ
270b3 གནས།། དཔེར་ན་ཁང་རྟེན་ཀ་བ་འདྲ།། རྩ་གསུམ་ཀ་བའི་ཚུལ་དུ་སྟེ།། འཁོར་ལོ་རྣམས་ནི་ཁང་པ་འདྲ།། འཁོར་ལོ་དང་པོ་ཀ་ཞུའི་ཚུལ།། བདེ་ཆེན་འཁོར་ལོའི་རྩ་བ་ལ།། རྩ་ཡི་འདུས་ས་རབ་ཏུ་གནས།། འཁོར་ལོ
270b4 ཁང་པ་ཀ་མེད་ན།། རྣམ་ཤེས་འདུག་པའི་གནས་མེད་དོ།། དེ་ལས་བྱེ་བྲག་རྣམ་བཤད་པ།། དར་རྩའི་འཁོར་ལོ་བདེ་བ་ཆེ།། ལྷ་མིན་དགག་ཅིང་ང་རྒྱལ་འདུལ།། རིན་ཆེན་འབྱུང་ལྡན་བཞུགས་པའི་གནས།། མཉམ
270b5 ཉིད་ཡེ་ཤེས་སྐྱེ་བའི་ས།། མ་མཱ་ཀི་དང་རྟག་ཏུ་ལྡན།། རྩེའུ་ཆུང་རྩེ་ནས་སོར་གཉིས་ན།། ལོངས་སྤྱོད་འཁོར་ལོ་མཐའ་ཡས་ཁང་།། མི་ཡི་སྐྱེ་སྒོ་འདོད་ཆགས་འཇོམས།། གོས་དཀར་སོ་སོར་རྟོག་དང་ལྡན།། སྙིང་ནང
270b6 ས་ཀྱི་འཁོར་ལོ་ཡང་།། རྡོ་རྗེ་སེམས་དཔའ་རྟག་གནས་པ།། དམྱལ་བ་ཞེ་སྡང་སྒོ་ལྔ་འདུལ།། སྟོང་པའི་ཡེ་ཤེས་དབང་ཕྱུག་ལྡན།། ལྟེ་བ་ནས་ནི་སོར་བཞིའོ།། གཏིང་དང་ཞིང་དུ་ཕྱིན་པ་ནི།། སྤྲུལ་པའི་འཁོར་ལོ
iiif viewer powered by OpenSeadragon
270a - 271a