| | e-texts navigator
|
269b1 བརྟག་ན་ཇི་ལྟར་བརྟག། སེམས་ཀྱི་ཡུལ་ནི་གང་གིས་བྱ།། སེམས་ཀྱི་རང་བཞིན་ཇི་ལྟ་བུ།། སེམས་ཀྱི་མཚན་ཉིད་ཇི་ལྟར་སྣང་།། སེམས་ཀྱི་ངོ་བོ་གང་དུ་གསུངས།། སེམས་ནི་རྣམ་པར་དུ་རུ་སྣང་།། སེམས་ཀྱི་རྟེན
269b2 ནི་གང་དུ་བཅའ།། གསང་བའི་བདག་པོས་བཀའ་སྩལ་འཚལ།། ཞེས་ཞུས་པས། སེམས་ཀྱི་ཡུལ་ནི་རྣམ་གཉིས་ཏེ།། ཕྱི་ནང་གཉིས་སུ་ཤེས་པར་གྱིས།། ཕྱི་ཡི་ཡུལ་ནི་སྤང་བར་གྱིས།། ནང་གི་ཡུལ་ནི་བླང་བར
269b3 གྱིས།། ཡིད་ཀྱི་ཡུལ་དུ་ཀུན་གཞིར་རྟོགས།། བལྟ་ཞིང་བརྟག་རྒྱུའི་ཀུན་གཞི་རྣམས།། སེམས་ཀྱི་རང་བཞིན་ནམ་འཁའ་འདྲ།། དེ་ལ་སུས་ཀྱང་དཔག་ཏུ་མེད།། སེམས་ཀྱི་མཚན་ཉིད་མ་ངེས་ཏེ།། ཕྱོགས་ནི་རྣམ་པ
269b4 གཉིས་སུ་བཟུང་།། འཁོར་བ་མྱ་ངན་འདས་པའི་རྒྱུ།། འཁོར་བའི་རྒྱུ་ནི་ཉོན་མོངས་ཏེ།། དེ་ལ་རེག་པས་གཏིང་དཔག་ལྷག། མྱ་ངན་འདས་ཕྱོགས་ཡེ་ཤེས་རྒྱུ། དེ་ཡང་གཉེན་པོ་དེ་དང་མཚུངས།། ཇི་ལྟར་བསྒྱུར་བ་དེ
269b5 ལྟར་སྣང་།། སེམས་ཀྱི་ཆོ་འཕྲུལ་བསྟན་པ་བླ།། སེམས་ཀྱི་ངོ་བོ་གྲུབ་མཐར་འགྲོ།། རྣམ་པ་གཉིས་ཏེ་རྒྱུད་ལ་བརྟག། སེམས་ཀྱི་རྣམ་གྲངས་བརྒྱད་དུ་འདོད།། དེ་ལས་འབྱུང་བས་ཐ་དད་འགྱུར།། སེམས་ཀྱི་རྟེན་ནི
269b6 རླུང་དུ་འདོད།། ཅེས་བཀའ་སྩལ་པས།། ཡང་འཁོར་རྣམས་ཀྱིས་ཞུས་པ། རྩ་དང་རླུང་དང་སེམས་དང་གསུམ།། བདག་དང་ལྷ་དང་སྔགས་དང་གསུམ།། ཇི་ལྟར་ལགས་པ་བཀའ་སྩོལ་འཚལ།། ཞེས་གསོལ་པས།།
iiif viewer powered by OpenSeadragon
269a - 270a