| | e-texts navigator
|
264a1 དད་དོ།། དེ་བས་ན་སྙིང་པོ་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་ཀྱི་སྔགས་ཡིན་པར་འགྱུར་རོ།། ཡོན་ཏན་གྱི་ཕུར་བུ་བདུན་བསྟན་པ་དང་། སྙིང་པོའི་སྔགས་བསྟན་པ་དང་། གདབ་པའི་གནས
264a2 བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་སེམས་དཔའ་ཆེན་པོ་སྔར་མ་གསུངས་པའི་འཁོར་ལོ་རྣམས་ནི། ལས་ཀྱི་གསང་བ་བཀོད་པ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ན། བགེགས
264a3 ཟིལ་གྱིས་མནན་ཅིང་དཔུང་གཞོམ་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག། སྔར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་མ་གསུངས་གསུང་བར་མི་འགྱུར་རོ།། ལས་ཀྱི་སེམས
264a4 དཔའ་དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་ཅིང་རྟོགས་པར་དཀའ་བའི་ཕྱིར་རོ།། དེ་བས་ན་ཁྱོད་ཞུ་བ་ལེགས་ཀྱི་ཉོན་ཅིག་གང་བགེགས་ཟིལ་གྱིས་གནོན་པའི་འཁོར་ལོ་ནི།། རིགས་རིམ་ཡང་ཀྱིས་མ་ཟིན་པའི་ཐོད་པ་ལ
264a5 དེའི་དཔུང་དང་ཕྲལ་བའི་ཕྱིར། དཔྲལ་བར་ཧཱ་ས་ཡ་ར་ད་ན་ལ་སོགས་པ་བྲིའོ།། བགེགས་ཆེན་པོ་མངོན་པར་དབབ་པའི་ཕྱིར། སྤྱི་བོར་ཨཱ་བེ་ཤ་ལ་སོགས་པ་བྲིའོ།། བགེགས་མངོན་པར་བཅིང་བའི་ཕྱིར། ལྷག་པར
264a6 ཤཱི་གྷཱན་ཨཱ་ན་ཡ་ལ་སོགས་པ་བྲིའོ།། བགེགས་མངོན་པར་སྦྱོ་རུ་གཞུག་པའི་ཕྱིར། ཡར་རྐན་དང་ཀོས་ཀོ་ལ་ཛ་ལ་པ་ཡ་ལ་སོགས་པ་བྲིའོ།། བགེགས་མངོན་པར་རྡུལ་དུ་བརླག་པའི་ཕྱིར། མིག་ལ་སོགས་པའི་དབང
iiif viewer powered by OpenSeadragon
263b - 264b