| | e-texts navigator
|
261b1 དགུ་པ་ལ་འཁོར་ལོ་རྩིབས་བརྒྱད་དང་བཅས་པ། རེ་མིག་དགུའི་དབུས་སུ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚི་ཅེས་པ་བྲིས་པར་ཧཱུཾ་གིས་བརྒྱན་པའོ།། འཁོར་ལོའི་རྩིབས་རེ་མིག་བཞི་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ
261b2 ཆེ་གེ་མོ་པུཥྚི་ཧ་ས་ཡ་ར་ཧ་ད་ན་ཅེས་བྲིའོ།། ཤར་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚི་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་བྲི། ལྷོ་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཛ་ཡ་ཧཱུཾ་ཕཊ། ཅེས་བྱ་བ
261b3 བྲི། ནུབ་ཕྱོགས་སུ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་པུཥྚི་ཏ་ཐཱ་ཡ་ཏ་ཐཱ་ཡ་བྱ་བ་བྲི། བྱང་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚི་བྷིན་དྷ་ཡ་བྷིན་དྷ་ཡ་ཧཾ་ཕཊ། ཅེས་པ་བྲི། ཕལླཱ་ནཱིའི་ཉི་མའི་དུས་སུ་འཁོར་ལོ
261b4 དྲིལ་ལ་གསེར་གྱི་ཤིང་ལ་རྒྱས་པའི་ཕུར་བུ་ཟུར་བརྒྱད་པ་བྱས་ལ་རྒྱས་པའི་འཁོར་ལོ་ལྟེ་བའི་དབུས་སུ་སྦས་ལ་རྒྱས་བཏབ་ལ། ལམ་རྒྱ་གྲམ་གྱི་དབུས་ནས་ས་བླངས་ལ། ལིངྒ་ཁ་དོག་སེར་པོར་བྱས་ལ། རྒྱས་པའི
261b5 ཕུར་པས་མགྲིན་པར་བཏབ་ལ། གཟུངས་ཐག་སེར་པོས་བཏགས་ལ་ཁ་ལྷོར་བལྟ། ཡུངས་ཀར་རྒྱལ་པོ་ལ་བྱེ་བ་བདུན་འབུམ་བཟླས་ལ། དེའི་ཚེ་གྲུབ་པའི་དྲོད་ཚད་འབྱུང་བར་འགྱུར་ཏེ། འཕར་བ་དང་འཁྲོགས་པ
261b6 དང་། ལྡེག་པའོ།། དེའི་ཚེ་ལིངྒ་ཕུར་པ་བཅས་གཞལ་ཡས་ཁང་ཆེན་པོའི་དབུས་སུ་མནན་ན་གང་རྒྱས་པར་བྱ་བ་དེ་རྒྱས་པར་འགྱུར་རོ།། རྒྱས་པའི་རིམ་པའོ།། དྲག་པོའི་འཁོར་ལོའི་རིམ་པ་ནི། འཇིགས་པའི་ལག
iiif viewer powered by OpenSeadragon
261a - 262a