e-texts navigator
Collection
Volume
Page
Wylie

261a1 མོ་པ་ར་ཎ་ཧཱ་ས་ཡ་ར་ཧ་ས་དྷ་ན་ཧཱུཾ་ཕཊ། ཤར་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤཾ་ཛ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ
261a2 ཤཾ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བྱང་གི་འཁོར་ལོའི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་བྷིན་དྷ་ཡ་བྷིན་དྷ་ཡ
261a3 ཧཱུཾ་ཕཊ། ཅེས་པ་བྲིའོ།། འཁོར་ལོ་རྩིབས་བཞི་ལ་སྙིང་པོ་རྐྱང་པ་བཞི་དང་མིང་སྤེལ་ལ་བྲི།། མརྒ་ཏའི་ཉི་མ་ཤར་བའི་དུས་སུ་འཁོར་ལོ་བྲིས་ལ་ཙནྡན་གྱི་ཤིང་ལ་དབང་གི་ཕུར་པ་ཟླ་གམ་དུ་བྱས་ལ་ཕུར
261a4 པའི་ལྟེ་བར་འཁོར་ལོ་བཅུག་ལ་རྒྱལ་བའི་ཕྱོགས་ནས་ས་བླངས་ལ་གང་དབང་དུ་བྱ་བའི་གཟུགས་བྱས་ཏེ་མརྒ་ཏའི་པདྨའི་རཀྟས་བྱུག་སྟེ། ཁ་དོག་དམར་པོར་བྱས་པའི་ལྟེ་བར་དབང་གི་ཕུར་པ་བཏབ་ལ།
261a5 གཟུངས་ཟག་དམར་པོས་བཏགས་ཏེ། ཁ་ནུབ་ཏུ་བལྟས་ལ་ཤང་ཚེ་གཏོར་ཞིང་བྱེ་བ་བདུན་འབུམ་དུ་བརྗོད་ན། གྲུབ་པ་མངོན་དུ་འབྱུང་སྟེ། ཞལ་བཞད་པ་དང་ལུང་སྟོན་པ་འབྱུང་སྟེ། དེའི་ཚེ་ལིངྒ་དང་ཕུར་པར
261a6 བཅས་པ་རྒྱ་མཚོ་ཆེན་པོའི་འགྲམ་དུ་མནན་ན་གང་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ།། དབང་གི་ལས་ཀྱི་རིམ་པའོ།། རྒྱས་པའི་འཁོར་ལོའི་རིམ་པ་ནི། པ་ཤ་ཀའི་པགས་པ་ལ་ལྡོང་རོས་ཀྱིས་བྱུགས་ལ། རེ་མིག




iiif viewer powered by OpenSeadragon

260b - 261b

Texts on this page

Gpb027.022 - rdo rje phur pa phrin las 'khor lo/ gab pa gsang ba'i rgyud kyi rgyal po