e-texts navigator
Collection
Volume
Page
Wylie

235b1 ཁ་ལྕགས་སྦྱང་མོ།། ཤྭ་ན་མུ་ཁ་ལྕགས་ཁྱི་མོ།། སྲྀ་ག་མུ་ཁ་ཟངས་ཝ་མོ།། བྲྀ་ཀ་མུ་ཁ་ཟངས་འཕར་མོ།། ས་བདག་བཞི་ནི་འགྲུབ་པར་ངེས།། བདག་ཉིད་བཞི་ནི་དཔྱིད་དབྱར་དང་།། སྟོན་དགུན་བཞི་ནི་རྒྱལ་མོ
235b2 སྟེ།། བཞི་ཚན་གསུམ་པོ་རྟག་ཏུ་ནི།། བསྟེན་ཅིང་བ་ལིན་སྦྱིན་པར་བྱ།། དེ་ཡིས་དངོས་གྲུབ་མྱུར་བའོ།། དབང་མཆོག་བཞི་ཡི་བསྐུར་བྱ་བ།། བུམ་པ་བྱེད་པའི་མཁན་པོ་དེས།། རྒྱ་མདུད་ཉིད་ནི་བུམ་པའོ།། ཕྲིན
235b3 ལས་རྣམ་བཞི་དབང་དུས་སུ།། དཀར་དང་དམར་དང་ནག་དང་སེར།། དེ་ལྟར་བུ་ཡི་དབང་ཉིད་ནི།། ཕྱི་ཡི་དབང་དུ་འགྲོ་བའོ།། འཁོར་ལོ་རྒྱས་འདེབས་གདུང་རྒྱུད་འཛིན།། བཙུན་མོ་དེ་ལས་ཁྲོ་བོ་བཅུ།། བཏོན
235b4 པ་ནང་གི་དབང་ཉིད་དོ།། ཡུམ་ཉིད་མཁའ་ནས་སྲས་གསུམ་པོ།། བྷ་གར་དབང་བསྐུར་གཟི་བྱིན་བསྐྱེད།། དེ་ནི་གསང་བའི་དབང་དུ་འགྲོ།། དབང་མཆོག་བཀའ་སྩལ་ཉན་པ་ལ།། ཕན་དང་ནུས་པ་གང་འདོད།
235b5 སྦྱིན།། གལ་ཏེ་དམ་ཚིག་མེད་པ་ལ།། བྱིན་ན་གླང་སྔར་མཚོན་བཏགས་འདྲ།། བྱང་ཆུབ་སེམས་ཀྱི་བསྟི་གནས་ས།། ལུས་ལ་འཁོར་ལོ་བཅུ་ཡི་བགོ། སྟོད་ན་ལྔ་སྟེ་སླད་ན་ལྔ།། འདི་ལྟར་ཁྲོ་བོ་བཅུ་བཀོད་པ།། དེ
235b6 བཞིན་དབང་པོ་ལྔ་དག་ལ།། ཕྲ་མེན་ཟུང་རེ་དགོད་པ་དང་།། རྐང་ལག་བཞི་ལ་བཅུ་དྲུག་པོ།། རིམ་པ་བཞིན་དུ་བཞི་བཞི་ནས།། དེ་ནི་ནང་དབང་དམ་པའོ།། ཆོས་ཀྱི་དབྱིངས་ཀྱི་བཙུན་མོ་ཡི།། མཁའ་ནས་ཐམས




iiif viewer powered by OpenSeadragon

235a - 236a

Texts on this page

Gpb027.018 - sbad pa gsang ba zab mo bdud rtsi'i rgyud