e-texts navigator
Collection
Volume
Page
Wylie

232b1 དབབ་བྱ།། དང་པོ་གསེར་གྱི་སྒོ་མོ་ལས།། བྱང་ཆུབ་སེམས་ནི་རང་དགའ་བབ།། སེམས་དེ་ཡོངས་སུ་འདུས་པ་ལས།། བྱང་ཆུབ་སེམས་ཀྱི་ངོ་བོ་རུ།། མཁས་པས་ཧཱུཾ་ལས་ཁྲོ་བོ་བཅུ།། ཞི་བས་མི་འདུལ་རྣམས་ལ
232b2 བྱ།། རྣམ་པར་ཤེས་པ་ཁུགས་པ་ནི།། མཆོག་ཏུ་གཅེས་པས་རབ་ཏུ་བསྒྲག། བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས།། ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་གསལ།། ཧཱུཾ་ཞེས་པ་ནི་ཉི་ཤུ་ལས། ཁྲོ་བོ་ཁྲོ་མོ་རྣམས་ཀྱང་།
232b3 གསལ།། ཛཿཞེས་པ་ནི་ཉི་ཤུ་ལས།། ཕྲ་མེན་རྣམས་ཀྱང་དེ་བཞིན་གསལ།། ཛཿཧཱུཾ་བཾ་ཧོཿབཞི་ཉིད་ལས།། སྒོ་མ་བཞི་ནི་རབ་ཏུ་གསལ།། ཧཱུཾ་ཞེས་པ་ནི་གསུམ་ཉིད་ལས།། སྐུ་གསུང་ཐུགས་ཀྱི་སྲས་མཆོག་གསུམ།། ཨེ
232b4 བཾ་མ་ཡཱ་བཞི་ཉིད་ལས།། ཤྭ་ན་མུ་ཁ་བཞི་ཉིད་གསལ།། ཛཿཛཿབྱ་བ་བཞི་ཉིད་ལས།། ས་བདག་བཞི་ནི་གསལ་བའི་དོན།། བྷྱོ་ཞེས་པ་ནི་བཞི་ལས་ཀྱང་།། བདག་ཉིད་བཞི་རུ་རབ་ཏུ་བསམ།། བྷྱོ་ཞེས་ཉི་ཤུ་རྩ་བརྒྱད
232b5 ལས།། དབང་ཕྱུག་མ་ནི་བསམ་བྱས་ལ།། དབུས་སུ་ཟླ་གམ་སྒོ་ཅན་ལ།། བཅོམ་ལྡན་བདུད་འདུལ་ཡབ་ཡུམ་དགོད།། མི་འགྱུར་བརྟན་པའི་རྡོ་རྗེ་དང་།། སྐུ་གསུམ་ལྡན་པའི་ཐོད་པ་དང་།། དབུས་ཀྱི་གྲུ་གསུམ་ཐོད
232b6 པས་བརྒྱན།། རྒྱས་འདེབས་མ་ཡི་སྟེང་ཉིད་དུ།། གྲུ་གསུམ་ལག་ནི་སྲས་མཆོག་གསུམ། ཁྲོ་བོ་འཁོར་ལོ་རྩིབས་བཅུ་ལ།། མཐིང་གའི་སྟེང་དུ་དགོད་པར་བྱ།། རྩིབས་མཚན་ལ་ནི་ཕྲ་མེན་མ།། གོང་མ་བཞིན་དུ




iiif viewer powered by OpenSeadragon

232a - 233a

Texts on this page

Gpb027.018 - sbad pa gsang ba zab mo bdud rtsi'i rgyud