e-texts navigator
Collection
Volume
Page
Wylie

230b1 བསམ་གྱིས་མི་ཁྱབ་པའི་ཁྲོ་བོས་བསྐོར་བའི་གནས། ཕྱི་ལྟར་དུ་དུར་ཁྲོད་འཇིགས་སུ་རུང་བ་དང་། ནང་ལྟར་ན་རང་བཞིན་གྱི་དུར་ཁྲོད་དང་། གསང་བ་ལྟར་ན་བྷ་གའི་དབྱིངས་དང་། དེ་ན་ཕྲ་མེན་ཕོ་མོ་དང་། སྒོམ
230b2 རྣམས་དང་། སྲུང་མ་བཅུ་གཉིས་དང་། འཁོར་ཐམས་ཅད་ཀྱི་ཕྱིའི་དུར་ཁྲོད་ཆེན་པོར་ཉིད་ཀྱི་ཐུགས་ལས་སྤྲུལ་ནས། གདུག་པ་ཅན་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་ཡང་དག
230b3 པའི་ཡེ་ཤེས་ལས་དབུ་དང་ཕྱག་བསམ་གྱིས་མི་ཁྱབ་པར་གྱུར་ཏོ།། དེ་ནས་རཱུ་ཏྲ་ནག་པོ་བསྒྲལ་བའི་ཕྲིན་ལས། ཀརྨ་ཧེ་རུ་ཀ་ལ་སོགས་པ་བོས་ཏེ། དྲག་པོ་ཧ་ཧ་དང་ནི་ཧི་ཧིའི་སྒྲ་སྒྲོགས་པ། གོམ་པའི་སྟབས་ཀྱིས་ས
230b4 གཞི་གནོན་པ། དེ་ལྟ་བུ་གཅིག་ཏུ་གྱུར་ནས། དེའི་ཚེ་རཱ་ཏྲ་ནག་པོ་རབ་ཏུ་འདར། ས་གཞི་ནི་རབ་ཏུ་གཡོས། ཧེ་རུ་ཀ་ཐམས་ཅད་ནི་མདངས་དང་ལྡན། དེ་ནས་རིགས་ཀྱི་ཧེ་རུ་ཀ་རྣམས་ལ་བཀའ་སྩལ་པ། རཱ་ཏྲ་ཞེས
230b5 བྱ་ལྟ་བ་ལོག། ལས་ཀྱིས་འཇིག་རྟེན་ཁམས་འདིར་སྐྱེས།། བདུད་རྣམས་བཏུལ་ན་བར་ཆད་ཉུང་།། མེད་པར་བྱས་ན་བསྟན་པ་གཉེན།། མཐོ་རིས་འཕེལ་དང་དམྱལ་ཁམས་སྟོང་།། བསྒྲལ་བའི་གནས་ནི་དམ་པ
230b6 བདུན།། སྲོག་དོན་དཀའ་དམ་ལས་ཀྱིས་ཉམས།། འདོད་པས་ཉམས་དང་མཚན་མས་ཉམས།། སྲོག་ལས་ཉམས་པའི་མཚན་ཉིད་ནི།། ཕ་མ་དང་ནི་སློབ་དཔོན་གསོད།། འདི་དག་བསྒྲལ་བ་དམ་པར་བཤད།། དོན




iiif viewer powered by OpenSeadragon

230a - 231a

Texts on this page

Gpb027.018 - sbad pa gsang ba zab mo bdud rtsi'i rgyud