| | e-texts navigator
|
230a1 དོན།། ཕུར་ནི་སྐྱེ་མེད་པ་ནི་འགག་པ་མེད།། ཕུར་ནི་གཟུང་མེད་པ་ནི་འཛིན་མེད་དོན།། ཕུར་ནི་ཡེ་ཤེས་པ་ནི་ཆོས་ཀྱི་དབྱིངས།། ཕུར་ནི་ཐབས་ཆེན་རྡོ་རྗེ་ཡབ་ཀྱིས་མཁའ།། པ་ནི་ཤེས་རབ་ཕ་རོལ
230a2 ཕྱིན་མ་ཡུམ་གྱི་ཀློང་།། ཆོས་ཉིད་དབྱེར་མེད་ཕུར་པའི་དོན་གཉིས་ཀྱིས།། མཉམ་པའི་རྒྱལ་པོས་ཐམས་ཅད་དབྱིངས་སུ་བསྒྲལ།། སྟོང་གསུམ་འཇིག་རྟེན་ཁམས་ཀུན་བསྒྲལ་བའི་ཞིང་།། བསྒྲལ་བྱ་སྒྲོལ་བྱེད་ཆོས
230a3 ཉིད་གཉིས་སུ་མེད།། དེ་ཡི་དོན་ནི་རང་བྱུང་ཕུར་པའི་དོན།། ཞེས་འབྱུང་ངོ་།། ཕུར་པ་གསང་བ་དོན་གྱི་རྒྱུད་ལས། རང་བྱུང་ཕུར་པའི་ལེའུ་སྟེ་ལྔ་པའོ།། །། རྡོ་རྗེ་ཕུར་པ་གསང་བ་དོན་གྱི་རྒྱུད་རྫོགས
230a4 སོ།། །།
230a5 རྒྱ་གར་སྐད་དུ། གུཔྟ་གསྟཱི་ར་ཀུནྟ་གྲ་ཏནྟྲ། བོད་སྐད་དུ། སྤྲད་པ་གསང་བ་ཟབ་མོ་བདུད་རྩིའི་རྒྱུད། བཅོམ་ལྡན་འདས་དཔལ་ཀཱི་ལ་ཡའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས
230a6 གཅིག་ན། བཅོམ་ལྡན་འདས་དཔལ་ཀཱི་ལ་ཡའི་རྒྱལ་པོ་དེ། ཀརྨ་ཧེ་རུ་ཀ་ལ་སོགས་པའི་ཧེ་རུ་ཀ་རྣམས་དང་། རྡོ་རྗེ་སྙེམས་མ་ལ་སོགས་པའི་ཡུམ་རྣམས་དང་། དེ་བཞིན་དུ་ཁྲོ་བོ་དང་ཁྲོ་མོ་དང་ཐབས་ཅིག་ཏུ།
iiif viewer powered by OpenSeadragon
229b - 230b