| | e-texts navigator
|
223b1 གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དང་པོའི་ལྕགས་ལས་བྱས་པའི་ཕུར་པ་བཀྲ་ཤིས་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་བཅོམ
223b2 ལྡན་འདས་ཞི་བ་བཀོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་པ་མྱུར་དུ་སྒྲུབ་པའི་ཆོ་ག་འདི་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། གསེར་དངུལ་ལ་སོགས
223b3 གང་ཡང་རུང་།། དྲང་སྲོང་ལག་ནས་འོངས་པ་ཡི།། ཕུར་པ་སྦོམ་པོ་བརྒྱད་ཡིན་ཏེ།། གསང་སྔགས་ཉིས་བརྒྱ་གནས་པ་ཡིན།། གང་གིས་དགོས་པ་དེ་བཞིན་དུ།། ཇི་ལྟར་བརྗོད་པའི་རང་བཞིན་ལས།། ཐམས་ཅད་མི
223b4 ཉམས་ཟག་མེད་འདྲ།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། བསྒྲུབ་བྱ་རྣམ་པར་བསམ་པར་བྱ།། ཨོཾ་ཀཱི་ལ་ཡ་སརྦ་སིད་དྷི་མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། རྩ་བའི་གསང་སྔགས་རབ་རྫོགས་ནས།། ལས་དང་བསྐུལ་ཚིག
223b5 ལྡན་པར་བྱ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒུད་ཀྱི་རྒྱལ་པོ་ཆེན་པོ་ལས། དྲང་སྲོང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས
223b6 བཅོམ་ལྡན་འདས་ནམ་མཁའ་རོལ་པ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་གསར་པ་ཞེས་བྱ་བའི་ཆོ་ག་འདི་གསུངས་སོ།། མཁས་པས་སྤྱི་ཡི་ལས་རྣམས་རྫོགས།
iiif viewer powered by OpenSeadragon
223a - 224a