| | e-texts navigator
|
215a1 དུ་འདོད།། ནམ་ཡང་གྲོལ་བར་མི་འགྱུར་རོ།། ཤིང་ནི་བསྐྱེད་པར་མ་བྱས་ཀྱང་།། བྱིན་རླབ་དུ་མ་ཚང་གྱུར་ན།། མཁས་པའི་ཆོ་ག་གཉིས་པ་ཡིན།། སྒྲུབ་པ་འབད་པས་མི་བྱེད་ཀྱང་།། དབྱིབས་དང
215a2 མཐུན་པའི་སྣོད་དག་ཏུ།། གཙང་མའི་གནས་སུ་བཞུགས་ནས་ཀྱང་།། དགབ་དང་བདུག་དང་བསྐོར་བ་ཡིན།། མཆོད་དང་གདུགས་ཀྱི་ཆོ་ག་བྱ།། དེ་དག་ལ་སོགས་ཆོ་ག་ཡི།། མཁས་པས་རབ་ཏུ་གནས་པ་ཡི།། ཆོ
215a3 ག་མཁས་པར་མི་ཤེས་པར།། གང་གིས་བསྒྲུབ་པར་བྱེད་པ་དེ།། ལྗོན་ཤིང་རུལ་བའི་དུམ་བུ་ལས།། ཡལ་ག་འཕན་པར་འདོད་པ་ལྟར།། དེ་ནི་མི་མཐུན་སྤང་བྱ་ཡིན།། ཞེས་གསུངས་སོ།། འཕགས་པ་དེ་བཞིན
215a4 གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཕུར་པ་རབ་ཏུ་གནས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས
215a5 པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ
215a6 ག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་དང་ཧྲི་དང་ཕཊ་ཀྱིས་ནི།། ཕུར་པ་བྱིན་བརླབ་འབད་བྱས་ཏེ།། མཁས་པས་འདོད་ལྷའི་ང་རྒྱལ་གྱིས།། ཕུར་པ་ཡོངས་སུ་དྲིལ་བའི་ཚེ།། མ་ལས
iiif viewer powered by OpenSeadragon
214b - 215b