| | e-texts navigator
|
201b1 བོས་མཉམ་པར་བྱ་བ་དང་།། བསྒྲུབ་བྱ་གསད་པར་བྱ་བ་ལས།། རྡོ་རྗེ་ལས་ཀྱི་ཐོད་པ་ལ།། དེ་བཞིན་སྔགས་དང་ཕྱག་རྒྱ་ཚང་།། སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་བྲི།། དེ་བཞིན་རང་གི་བཙུན་མོ་བསྐྱེད།། རྡོ་རྗེ་ཕུར
201b2 པའི་སྡེར་མོ་ནི།། རིམ་པ་དང་ནི་མཉམ་དུའོ།། ཐོགས་པ་མེད་པའི་ལས་རྣམས་འགྲུབ།། རྡོ་རྗེ་ལས་ཀྱི་རྒྱལ་པོ་དམ་ཚིག་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྣ་ཚོགས་པའི་ཉུང
201b3 དཀར་གྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ལས་ཐམས་ཅད་ཀྱི་ཉུང་དཀར་གྱི་རྒྱལ་པོ་འདི་གསུངས་སོ།། ཐམས་ཅད་ལས་རྣམས་འདོད་པ་ཡི།། ཀུན་གྱི་སྦྱོར་བ་གཅིག་ལ
201b4 ཤེས། ཐམས་ཅད་ལས་བཞིན་སྔོན་ལྟར་བཤད།། རིན་ཆེན་སྤྱི་ཡི་ཆོ་ག་ཡིས།། ཐམས་ཅད་དེ་ལྟར་བྱ་བར་ཤིས།། རྡོ་རྗེ་ཕུར་པ་ཐམས་ཅད་དང་།། སྡེར་མོའི་གསང་སྔགས་གཞན་གྱིས་འགྲུབ།། གལ་ཏེ་རིགས་ན
201b5 འགའ་ཡང་རུང་།། ཐམས་ཅད་མ་ལུས་ལས་རྣམས་འགྲུབ།། ལན་གསུམ་གྱིས་ནི་སྐུ་གསུམ་འགྲུབ།། སྣ་ཚོགས་ཀྱི་ཉུང་དཀར་གྱི་རྒྱལ་པོའི་དམ་ཚིག་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན
201b6 འདས་རྡོ་རྗེ་སྣ་ཚོགས་པའི་འོད་ཟེར་གྱིས་ཉུང་དཀར་གྱི་རྒྱལ་པོ་རྣམ་པར་བྱིན་གྱིས་བརླབས་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། རྣལ་འབྱོར་ཆོ་ག་ཆེན་པོ་ནི།། ཉུང་དཀར་རྒྱལ་པོ
iiif viewer powered by OpenSeadragon
201a - 202a