e-texts navigator
Collection
Volume
Page
Wylie

19b1 མངོན་པར་ཡི་རང་བ་དང་དགའ་བ་སྐྱེས་ཏེ། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་མི་ཏོག་སིལ་མས་མཆོད་དེ། མགྲིན་གཅིག་དབྱངས་གཅིག་གིས། ལན་བརྒྱ་སྟོང་དུ་མར་བསྐོར་བ་དང་། ལྷ་རྣམས་ཀྱིས་ཕྱག་བཙལ་ནས།
19b2 ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས།། སངས་རྒྱས་ཐུགས་རྗེ་རིན་པོ་ཆེ།། སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར།། རྟོག་པ་དང་པོ་འདི་བཀའ་སྩལ།། ཐུགས་རྗེ་ཡི་ནི་རྒྱུན་ཆེན་པོ།། བཀའ་སྩལ་གསུང་སྟོན་ཐུགས
19b3 རྗེ་ཆེ།། བདག་ཅག་རྣམས་ཀྱི་བཅང་བར་བྱ།། འགྲོ་བ་རྣམས་ལ་ཕན་གདགས་བགྱི།། སྐྱེ་བོ་རྣམས་ལ་དབང་བསྐུར་བགྱི།། གྲོང་དང་གྲོང་ཁྱེར་གྲོང་རྡལ་ལ།། ཉིན་རེ་བཞིན་དུ་བསྐོར་བར་བགྱི།། ཞེས་གསོལ་བས།།
19b4 བཅོམ་ལྡན་འདས་འཁོར་རྣམས་ལ་ཡང་དག་པར་གཟིགས་ནས། ཅི་ཡང་མི་གསུང་བར་དེ་བཞིན་ཉིད་དུ་མནལ་ལོ།། མི་སྣང་བར་གྱུར་ཏོ།། དེ་ནས་འཁོར་རྣམས་ཀྱང་ཉིད་ལ་ཉིད་གཟིགས་ནས། མི་སྣང་བར་གྱུར
19b5 ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས། འཆང་བ་དང་ཡོངས་སུ་གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། བརྟག་པ
19b6 དང་པོ་ཡོངས་སུ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། @#།། རྒྱ་གར་སྐད་དུ། ཀྲོ་དྷ་ཧཱུཾ་ཀཱ་ར་ཏན་ཏྲ་རཱ་ཛ་ཏནྟྲ། བོད་སྐད་དུ། རྒྱུད




iiif viewer powered by OpenSeadragon

19a - 20a

Texts on this page

Gpb027.001 - sku dang ye shes thams cad 'dus pa'i sangs rgyas mdud pa
Gpb027.002 - rgyud kyi rgyal po khro bo hUM kA ra'i rgyud