| | e-texts navigator
|
197a1 བསམ་གྱིས་མི་ཁྱབ་པའི་རང་བཞིན་པས། རྡོ་རྗེ་མཚོན་པའི་འཆུབ་མ་ཕྱོགས་ཀུན་ནས་ལངས་ཏེ། བདུད་ལ་སོགས་པ་གང་དག་གསད་པར་འོས་པ་ཐམས་ཅད། མ་བཀུག་པ་བཞིན་དུ་རྡོ་རྗེའི་འཆུབ
197a2 མས་བུབ་ཅིང་ཨརྫ་ཀའི་དོག་པ་བཞིན་དུ་རྣམ་པར་འགས་ཏེ། རྡོ་རྗེའི་མཚོན་པ་སྣ་ཚོགས་པ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། མངོན་སྤྱོད་ཆེན་པོས་བསྒྲུབ་པར་བྱ་བའི་ཕུང་པོ་ཆུ་རྡུལ་བཞིན་དུ།།
197a3 སྐད་ཅིག་མ་དེ་ཉིད་ལ་ཟད་པར་བྱས་སོ།། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་། ལུས་བུབ་ནས་བརྒྱལ་ཞིང་ཁྲག་ཏུ་སྐྱུགས་པར་གྱུར་ཏོ།། དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
197a4 ཏོ།། ཀྱེ་བཅོམ་ལྡན་འདས་བདག་ནི་ཁམས་གསུམ་ན་མཐུ་ཆེ་བ། དེ་བཞིན་གཤེགས་པས་ཀྱང་བདག་ལ་མཐུ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་པ་ལགས་ན། འདི་ལྟར་བདག་ཀྱང་ཤིན་ཏུ་སྐྲག་པར་བགྱིད་ན
197a5 གཞན་ལྟ་ཅི་སྨོས་ཏེ་ཐམས་ཅད་མྱུར་དུ་ཤི་བར་འགྱུར་བས། དེང་འདིར་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་མཐུ་ཆེན་པོ་བཤད་པ་ངོ་མཚར་ཏོ།། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཏོ།། སངས་རྒྱས་ཀྱི་མཐུ་ཐམས་ཅད་ཡོངས
197a6 སུ་བགྱིད་པ་དང་། བསྟན་པ་ཆེན་པོ་འདི་མི་ནུབ་པའི་སླད་དུ། གསང་སྔགས་འདི་ནི་མི་ནུབ་པའི་རྒྱལ་མཚན་གྱི་རྩེ་མོ་ཞེས་བགྱི་བར་འཚལ་ལོ།། སླད་མའི་ཚེ་སླད་མའི་དུས་ན། གསང་སྔགས་ཆེན་པོ་འདི་གང་ཞིག
iiif viewer powered by OpenSeadragon
196b - 197b