| | e-texts navigator
|
196a1 མཆིས་པར་ནི། སངས་རྒྱས་ཀྱི་ཐེག་པ་རྣམས་འབྱུང་སྟེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ཡོངས་སུ་རྫོགས་པའི་སླད་དུའོ།། འདི་ད་ལྟའི་དུས་ན། སེམས
196a2 ཅན་རྣམས་སངས་རྒྱས་ཀྱི་ཐེག་པ་ལ་གནས་པ་ཉུང་བ་དང་། ནག་པོའི་རིགས་མཐུ་མངོན་པར་རྒྱས་པའི་དབང་གིས་ན། ཀྱེ་བཅོམ་ལྡན་འདས་དུས་ལ་བབ་བོ། ལས་འདི་ནི་ལས་ཀྱི་མཆོག་སྟེ། འདིར་བཅོམ་ལྡན་ཀྱི
196a3 བྱིན་གྱིས་མ་བརླབས་ན། སླད་མའི་ཚེ་སླད་མའི་དུས་ན། ནོར་བུ་ལོན་པའི་མི་རྒྱ་མཚོ་ལས་ཐར་དུ་ཉེ་བ་ན་གྲུ་ཞིག་པ་བཞིན་མཆིས་ཏེ། ཀྱེ་བཅོམ་ལྡན་ལྗོན་ཤིང་གི་སྡོང་པོ་མེས་ཚིག་པ་བཞིན་དུ་གནས་པར་གྱུར་པ
196a4 ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། ལག་ན་རྡོ་རྗེ་འདི་ལྟར་ཁྱོད་དེའི་དུས་ལ་བབ་པར་ཤེས་ན། འདིར་འདུས་པ་རྣམས་ཀྱི་རྣ་ལམ་དུ། ཁྱོད་ཀྱིས་ཐོགས་པ་མེད
196a5 པར་འབྱུང་བའི་རྡོ་རྗེ་གོ་ཆ་རྣམ་པར་སྲ་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཀྱི་མཐུ་ཆེན་པོས་ཏིང་ངེ་འཛིན་དེ་ཐོབ་པར་བྱིན་གྱིས་བརླབས་ཀྱིས། ཁྱོད་སྤོབས་པ་སྐྱེད་ཅིག། དེ་ནས་ལག་ན་རྡོ་རྗེས
196a6 འཁོར་རྣམས་ལ་འདི་སྐད་དུ་བསྒོ་ཞིང་། རང་གི་རྡོ་རྗེ་ཐོགས་པ་མེད་པར་ཀུན་ཏུ་འཕེན་ཞིང་།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཀྱེ་བཅོམ་ལྡན་འདས། ཀྱེ་མ་སངས་རྒྱས་ཡ་མཚན
iiif viewer powered by OpenSeadragon
195b - 196b