| | e-texts navigator
|
18a1 སོ།། དེ་ལྟར་ལས་རྣམས་ཟིན་གྱུར་ནས།། ཕྲ་མོའི་ཐིག་ལེ་བསྒོམ་པར་བྱ།། སྣ་རྩེ་རྣམ་པ་བཞི་རྣམས་སུ།། སོ་སོའི་ཡི་གེ་བསམ་པར་བྱ།། དེ་ནི་གཞི་ཡི་ཕྲ་མོ་ཡིན།། དེ་རྣམས་ཡོངས་སུ་གྱུར་པ
18a2 ལས།། མཉམ་པ་ཉིད་དུ་གྱུར་པ་ནི།། ཐིག་ལེ་ཞེས་སུ་བཤད་པ་ཡིན།། དེ་ཡི་ཕྲ་བ་གང་ཡིན་པ།། ནཱ་ད་ཞེས་ནི་བྱ་བ་ཡིན།། ཡིད་ཀྱི་སླར་ཁུང་ཁ་ཕྱེ་ནས།། སེམས་ཀྱིས་སེམས་ལ་བལྟ་བར་བྱ།། ཆོས་ཉིད་རྩ་དང་ཡེ
18a3 ཤེས་རྩ།། རང་རྒྱུད་རྩ་དང་ཡོན་ཏན་རྩ།། གང་གིས་ཡོངས་སུ་ཤེས་པ་ལ།། ཕྲ་མོའི་ཐིག་ལེ་ནཱ་དར་འཛག། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད
18a4 འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས།། གཞིའི་ཏིང་ངེ་འཛིན་དང་། ཕྲ་ཐིག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཛྲ་ཀཱི་ལ་ཡ་ཆེན་པོ་དེས།། མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ
18a5 སྙོམས་པར་བཞུགས་ནས་ཡང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཞི་བ་བླང་དོར་མེད་པའི་ཆོས།། རང་བཞིན་མེད་པའི་ཆོས་ཡིན་ཏེ།། བརྟག་པར་དཀའ་བར་བསྟན་པ་ཡིན།། བརྗོད་པའི་ཐ་སྙད་རྣམས་དང
18a6 བྲལ།། འདུས་མ་བྱས་པའི་རང་བཞིན་ཏེ།། སྐྱེ་ཤི་མེད་པའི་ཡུལ་དུ་སྣང་།། དུས་གསུམ་འདུས་མ་བྱས་པ་སྟེ།། ཀུན་ཏུ་འོད་ཀྱི་ས་ཡིན་ནོ།། འདི་ཞེས་བྱ་བའི་དཔེ་ཡང་མེད།། ངས་ཀྱང་མཐོང་བར་མ་ནུས་ན།། མངོན
iiif viewer powered by OpenSeadragon
17b - 18b