| | e-texts navigator
|
183b1 ལས་རྣམས་གྲུབ་པར་འགྱུར།། རྟོག་པ་མེད་པའི་མཁས་པས་འབད།། ནམ་མཁའི་རྡོ་རྗེ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ
183b2 བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕགས་པ་ཧཱུཾ་ཆེན་པོའི་རྣམ་པར་འཕྲུལ་པའི་ཡེ་ཤེས་འབྱུང་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས
183b3 པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་རྣམ་པར་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ
183b4 བའི་གསང་སྔགས་འདི་གསུངས་སོ།། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ། མ་ཧཱ་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཧཱུཾ་ཧཱུཾ། འདི་ནི་གསུངས་པའི་མོད་ལ་ནི།། དཔའ་བོ་རྣམས་ཀྱང་འདར་ཞིང་སྔངས།། རབ་ཏུ་འདུད་པའི་བསྟོད་པ
183b5 བྱས།། རྣམ་པར་རྒྱལ་བ་ཀུན་ལས་རྒྱལ།། འབར་བའི་ཁྲོ་ཆེན་གདུག་པ་འདུལ།། ངེས་པའི་ཆོ་ག་རྫོགས་པའི་ཕྱིར།། དཔའ་མཚན་ཆེ་ལ་ཕྱག་འཚལ་བསྟོད།། ཤེས་རབ་ཀྱི་ནི་རྐང་པ་ཡིས།། ཐབས་ལ་རྣམ་པར
183b6 འཁྱུད་པས་ནི།། ལག་གི་རྡོ་རྗེ་གར་བྱེད་ཅིང་།། རྡོ་རྗེ་ཐལ་མོ་བརྡབ་པ་ནི།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན།། ཉི་མའི་དཀྱིལ་འཁོར་དབུས་གནས་པ།། འབར་བའི་ཞབས་ཀྱིས་མནན་ནས་ཀྱང་།། གོམ་པའི་དབང
iiif viewer powered by OpenSeadragon
183a - 184a