e-texts navigator
Collection
Volume
Page
Wylie

17b1 མུངྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡཀྵ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་གཟུགས་བརྙན་གཏུབ་པར་བྱ། ཨོཾ་ཧྲཱིཿཥྚྲྀཿཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། བི་ཀྲི་ཏ་ནན་ཧཱུཾ་ཕཊ། དེ་ནས་ལས་རྣམས་ཚང་བྱའི་ཕྱིར།། ཧོམ་ཁུང་གྲུ་གསུམ་སྒོ་ཅན
17b2 དུ།། རཾ་ཞེས་བྱ་བའི་མེ་སྦར་ཏེ།། མེ་ལྷ་བོས་ལ་ལས་རྣམས་བྱ།། གསོ་བ་གསུམ་དང་གསལ་བ་གསུམ།། རིན་པོ་ཆེ་ཡི་དགོངས་པ་དང་།། གྲུབ་པའི་མཐའ་ནི་བསྟན་པར་བྱ།། ཞེས་གསུངས་སོ།། དེ་བཞིན་གཤེགས
17b3 པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས། ཕྲིན་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཛྲ་ཀཱི་ལ་ཡ་ཆེན་པོ་དེ།
17b4 མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཞི་ཡི་ཏིང་ངེ་འཛིན་འདི་གསུངས་སོ།། ལམ་ལྔ་དག་ལ་ཚུལ་བསྟུན་ནས།། ས་རྣམས་མཐའ་རུ་དབྱུང་བའི་ཕྱིར།། ཤེས་རབ་རྣམ་གསུམ་སྦྱོར་བ
17b5 ཡིས།། དང་པོ་རྒྱུ་ཡི་ཚོགས་བསྒོམ་སྟེ།། ཡན་ལག་བདུན་དང་གནས་བཞི་བྱ།། དེ་ནས་གཞུང་བཞིན་ལས་རྣམས་བྱ།། དང་པོ་ཏིང་འཛིན་རྣམ་གསུམ་ནས།། སྦྱོར་བ་དང་པོའི་ཏིང་འཛིན་བྱ།། དེ་ནས་དཀྱིལ་འཁོར
17b6 རྒྱལ་བ་མཆོག། དེ་ལ་ལས་ཀྱི་རྒྱལ་བ་མཆོག། གཞི་ཡི་དཀྱིལ་འཁོར་ཞེས་བྱ་སྟེ།། ཆོ་ག་རྫོགས་པར་བྱས་ནས་ནི།། བསྒྲུབ་པ་ཆེན་པོ་མཐའ་རུ་དབྱུང་།། ཞེས་གསུངས་སོ།། དེ་ནས་ཡང་འདི་གསུངས




iiif viewer powered by OpenSeadragon

17a - 18a

Texts on this page

Gpb027.001 - sku dang ye shes thams cad 'dus pa'i sangs rgyas mdud pa