| | e-texts navigator
|
17a1 ནས།། བསྟོད་པ་བྱས་ལ་གཉིས་མེད་བསྟིམ།། དེ་ནས་གསད་པའི་བཟླས་པ་བྱ།། བདག་གི་ལས་ཀྱི་ཏིང་འཛིན་ཞུགས།། སྙིང་གར་ཉི་མའི་དཀྱིལ་འཁོར་བསམ།། དེ་ནས་བཟླས་པའི་སྙིང་པོ
17a2 བསམ།། ཧཱུཾ་ཡིག་རྣམ་པར་བསམ་ནས་ནི།། ཕུར་པ་ཁྲོ་བོ་ཅི་འདྲ་བས།། ཕྱོགས་བཅུ་དག་ཏུ་དོན་བྱས་ནས།། འགྲོ་དོན་དམ་རྣམས་རྫོགས་མཛད་དེ།། སླར་འདུས་ཕུར་པ་ཉིད་ལ་ཐིམ།། འབུམ་ཕྲག་ཅིག་གམས
17a3 ཡའམ།། བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད།། བཟླས་ཏེ་སྟོང་ཚིག་མཆོད་པ་བྱ།། དེ་ནས་སྤྲུལ་པ་རབ་ཏུ་དགྱེ།། གཉིས་མེད་འདྲེས་པའི་ལིངྒ་ལ།། དགུག་དང་རབ་ཏུ་གཟིར་བར་བྱ།། དབང་གཟུག་ར་མདའ་བཟློག
17a4 པར་བྱ།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན། མོ་ཧ་གྷ་ཡ། གྷ་ག་བཱན། ཤྲཱི་བཛྲ་ཧཱུཾ་ཀཱ་ར་ཕཊ། བཛྲ་ཀཱི་ལི་ཀི་ལ་ཡ། ཛཿཧཱུཾ་བཾ་ཧོཿསརྦ་བིགྷྣཱན། ཀཱ་ཡ་བཱཀྐ་ཙིཏྟ་བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ། ཨ་ཨ་ཨ། ཛཿཧཱུཾ་བཾ་ཧོཿཱ
17a5 བཻབེ་ཤ་ཡ་ཨ། ཁྲོ་བོས་མངོན་སྨོད་རབ་བྱ་སྟེ་ཁྲོ་བོས་སྐེ་ནས་བཟུང་ནས་ནི།། གཡས་པའི་ཐོ་བས་བརྡེག་བྱས་ཏེ།། མངོན་སྤྱོད་ཕུར་པ་རབ་ཏུ་བཏབ།། སྔགས་ནི་འདི་སྐད་བརྗོད་པར་བྱའོ།། ཨོཾ་ན་མཿས་མན་ཏ་ཀཱ་ཡ
17a6 བཱ་ཀ་ཙིཏྟ་བཛྲ་ཎཱཾ། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱཛྙཱ་པཱ་ཡ་ཏ། སརྦ་བིགྷ་ནཱན། ཀཱ་ཡ་བཱ་ཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨ་ཀོ་ཊ་ཡ
iiif viewer powered by OpenSeadragon
16b - 17b