| | e-texts navigator
|
179a1 བལྟ།། རཱ་གའི་མདོག་བཞིན་ཀུན་ཏུ་འཚེར།། རྡོ་རྗེ་ཐུགས་ཀྱི་ཅོད་པན་ཅན།། དྲག་པོའི་སྒྲ་འབྱིན་འབར་བ་འཕྲོ།། ཐབས་ཀྱི་ཕྱོགས་ནི་སྲིད་དུ་བརྐྱང་།། ཤེས་རབ་ཕྱོགས་ནི་ཕྱོགས་བཅུར་ཕྱག། གཞན
179a2 ལས་རྒྱལ་གྱི་ཕྱག་རྒྱ་ཡིན།། དཔའ་བོས་གསང་བའི་གནས་སུ་འབད།། འབྱུང་པོ་ཆེ་རྣམས་སྲེག་པར་བྱེད།། དཔའ་བོ་ཕྲ་མོ་ཐེ་ཚོམ་མེད།། འདི་ལ་དཔག་པར་མི་བྱའོ།། རྣམ་པར་བསྡིགས་པ་ཆེན་པོའི་བརྟག་པ་ཞེས
179a3 བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས
179a4 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། འདོད་ཆགས་རྡོ་རྗེ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར
179a5 ཞུགས་ནས། རྟ་སྐད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ཕྱུང་ངོ་།། ཨཱིཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ་བི་རུ་ལ། སརྦ་བི་ཥ་གྷཱ་ཏ་ཀ་བ། ཛ་ལི་ཏ། བིསྠུ། ལིངྒ། ཨརྡྷ་ཨཊྚ་ཧཱ་ས། ཀེ་ས
179a6 རིས་ཊོ་ཊས། བཛྲ་ཁུ་ར་ནིརྨྨ་ཏ་ན། ཙ་ལི་ཏོ། བ་སུ་དྷ་ཏ་ལ། ནི་ཤཱ་ས་མཱ་རུ་ཏད་ཀྵི་བ་ཏ། དྷ་ར་ཎཱི་དྷ་ར། བྷི་ཥ་ཎ་ཨཊྚ་ཨནྟ་ཧཱ་ས་ཨ་པ་རི་མི་ཏ། བ་ལ་ས་ཏཱ་ཀྲ་མ། ཨཱརྱ་ག་ཎ་བྷི་ཏ་བྷ་ཏ་ག་ཎཱ་དྷུ་ཥི་ཏ། བུདྡྷ་བུདྡྷ།
iiif viewer powered by OpenSeadragon
178b - 179b