| | e-texts navigator
|
166a1 སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། གང་དག་ཐམས་ཅད་མཁྱེན་པར་གཞོལ།། ལས་ལ་མཁས་ཤིང་ཟོས་པས་མཛེས།། ལྷ་རྣམས་མཉེས་ཤིང་དང
166a2 པས་འབད།། བརྩོན་འགྲུས་ལྡོག་པའི་སེམས་སྤངས་པ།། འབྲས་བུ་གཞན་ལ་རེ་དོགས་མེད།། དམ་ཚིག་ལྡན་ཞིང་རྣམ་པར་དཔའ།། འཇིགས་པ་མེད་པའི་རང་བཞིན་ནི།། བདག་ཉིད་ཆེན་པོ་ཕུན་སུམ
166a3 ཚོགས།། རྣམ་པ་བཅུ་གཉིས་དག་ཏུ་ངེས།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མངོན་སྤྱོད་ཆེན་པོ་རྣམ་པར་རོལ་པ་ཡོངས་སུ་བརྟག་པ་ཞེས
166a4 བྱ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ནམ་མཁའི་དབང
166a5 ཕྱུག་ཆེན་པོ་དུ་མས་རྣམ་པར་བསྒྱིངས་པའི་རྡོ་རྗེ་མི་བཟད་པའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ
166a6 རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ་མ་ཧཱ་པཱུ་ཛ་བཛྲ་ཧཱུཾ། ཞེ་སྡང་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་སྒྲོན་མ་ཆེན་པོ་རྣམ་པར་བསྐྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ
iiif viewer powered by OpenSeadragon
165b - 166b