| | e-texts navigator
|
163b1 འགྱུར།། རྟགས་དང་ལྡན་པའི་སྦྱོར་བས་ནི།། མཁས་པས་ལས་རྣམས་གྲུབ་པར་འགྱུར།། སྦྱོར་བར་གཏོང་བར་འདོད་པ་ཡིས།། བསྡུ་བའི་གནས་ནི་སྙིང་ག་སྟེ།། ཇི་ལྟར་བསྡུ་བའི་ཆོ་ག་ལ།། སངས་རྒྱས་གཤེགས་སུ
163b2 གསལ་བ་མཁས།། འདི་བཟླས་བརྗོད་པ་ཕུན་སུམ་ཚོགས།། དེ་ནས་བཅོམ་ལྡན་འདས་མངོན་སྤྱོད་ཀྱི་མཛད་པ་ཕུན་སུམ་ཚོགས་པའི་རྡོ་རྗེ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ
163b3 ལས་འདི་ཕྱུང་ངོ་། སྔགས་པས་ས་ཕྱོགས་གང་ཡིན་དེར།། བསད་པའི་གནས་ནི་བདག་གིས་བྱ། ཁྲོ་བོའི་སྐུ་གསུང་ཐུགས་ཉིད་ཀྱིས།། ཐམས་ཅད་དྲེགས་པར་བྱས་ནས་ནི།། ཕྱོགས་བཅུ་ཕུར་པས་བྱིན་རླབས
163b4 ཏེ།། བདག་ཉིད་ཆེན་པོའི་ང་རྒྱལ་གྱིས།། ཅི་རིགས་པ་ཡི་ས་མཚམས་བསྲུངས།། ལས་རྣམས་ལྟས་ནི་མཉེས་བྱས་ཏེ།། དེ་ནས་ཞི་བའི་ལྷ་མཆོད་ཅིང་།། གྲངས་ཀྱི་ཆོ་ག་རྫོགས་པ་དང་།། གྲུ་གསུམ་དུར་ཁྲོད་རྩེ་མོ
163b5 ལྷོ།། ཞིང་གི་ཐལ་བ་ཁྲག་དང་བཅས།། སྐྱེ་ཚེ་ལན་ཚྭ་སྲུབ་མའི་ལོ། ཁྲེ་དང་རྫུ་ཆེའི་ཕུབ་མ་དང་།། གྲོག་མཁར་བོང་བུའི་བདུད་རྩི་སོགས།། ཏིལ་ནག་ལ་སོགས་གང་ཡིན་ཏེ།། མཁས་པས་བདུད་རྣམས་ཕམ་པར
163b6 བྱ།། ཡང་ན་རི་མོར་གནས་པ་དང་།། སྨུག་ནག་གཟུགས་ཀྱི་སྙིང་ཁར་བསླན།། དུར་ཁྲོད་རས་སོགས་དབུས་གནས་སུ།། ཧཱུཾ་ཕཊ་སྦྱོར་བའི་དབུས་གནས་སུ།། བསྒྲུབ་པའི་དུས་ནི་རྣམ་པར་གཞག། འབར་བའི་འགྲམ
iiif viewer powered by OpenSeadragon
163a - 164a