| | e-texts navigator
|
162b1 གཉིས་རྣམ་པར་སྣང་བའོ།། རྒྱུན་མི་འཆད་པར་མཁས་པ་ཡིས།། སྐུ་ལ་རྣམ་པར་བསྣུན་པ་ནི།། རྣལ་འབྱོར་ཆོ་ག་དང་པོ་ཡིན།། དེ་ནས་དཔའ་བོའི་ཆོ་ག་ནི།། གུ་གུལ་ཆེན་པོ་བརྟག་པར་བྱ།། དེ་བཞིན་དོན་གཉིས
162b2 འགྲུབ་པར་བྱེད།། འཕགས་པ་ཁྲོ་བོས་ཇི་སྙེད་པ།། གཟི་མདངས་ཕུན་སུམ་ཚོགས་པ་དང་།། དགའ་བ་ཆེན་པོ་འཐོབ་པར་བྱེད།། མཆོད་པ་མཆོག་ནི་མཆོག་ལ་སོགས། ཁྲོ་བོ་མཆོད་པ་མཆོག་ཡིན་ནོ།། སྒྲུབ་བྱ
162b3 གསད་པར་བྱ་བ་ནི།། རྣམ་པར་མྱོས་པ་ལ་སོགས་ཏེ།། གསད་པའི་མཆོག་སྟེ་མཆོད་པ་མཆོག། བརྣག་པའི་ཕྲིན་ལས་དུ་མའི་ཚོགས།། ཐམས་ཅད་མཁས་པས་བརྟག་པ་ནི།། འདི་ནི་བྱིན་བརླབ་ཆོ་གའོ།། ཞེས
162b4 གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་དུ་འཇུག་པའི་ལམ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་ཉིད་ཀྱི་སྐུ
162b5 དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ལས་མཆོག་ཆེན་པོའི་ཏིང་འཛིན་ནི།། བདག་ཉིད་ཆེན་པོར་བརྟག་པར་བྱ།། སྙིང་གར་བསམ་པར་བྱ་བ་ནི།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེས
162b6 བོན་མཐིང་ནག་བཞག། སྙིང་པོ་བརྟག་པར་བྱ་བ་ནི།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། རྡོ་རྗེ་ཕུར་བུའི་རང་བཞིན་བརྟག། དེ་ནས་བསྒྲུབ་བྱའི་དང་པོ་སྟེ།། བསོད་པའི་ཆོ་ག་མཉམ་སྦྱོར་བས།། ཧཱུཾ་ཕཊ་ཡང
iiif viewer powered by OpenSeadragon
162a - 163a