| | e-texts navigator
|
160b1 པར་མཛེས་པར་བྱ།། གཉིས་སུ་མེད་པའི་སྦྱོར་བ་ནི།། སོར་མོ་ཅུང་ཟད་བསྣོལ་བ་ཡིན།། དེ་འོག་སོར་མོ་བརྒྱབ་བསྣོལ་བ།། རྣམ་པར་བསྡམ་པའི་རང་བཞིན་ལ།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། བཛྲ་བན
160b2 དྷ་ཧཱུཾ་གིས་སྒྲས།། བྱང་ཆུབ་སེམས་སྤྲིན་དབང་བར་བྱ།། དེ་ནས་མཁས་པའི་དམ་ཚིག་ནི།། ས་མ་ཡ་སྟྭཾ་ཞེས་རྣམ་པར་བརྗོད།། ཐུགས་དམ་མཉམ་པར་བསྐང་ནས་ཀྱང་།། འབར་བའི་ཕུར་བུ་བླང་བར་བྱ།། ལག་པའི
160b3 བར་དུ་མཉམ་གནས་པ།། ལག་པའི་རྟིང་པ་ཕྱེ་ནས་ཀྱང་།། མཐེ་བོང་སྲིན་ལག་མཐེ་ཆུང་གིས།། བར་དུ་ཕུར་པ་ཡང་དག་གཞུག། མཐེ་བོང་གིས་ནི་ཅུང་ཟད་དྲིལ།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། བཛྲ་ཨ
160b4 བེ་ཤ་ཡི་སྒྲ།། ཨཱ་ཨས་ཡང་དག་མཛེས་པར་བྱ།། བྱང་ཆུབ་སེམས་སྤྲིན་འཕྲོ་བ་ལས།། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ལས།། ཡབ་ཡུམ་སྲས་དང་བཅས་པ་ཀུན།། མཁའ་མཉམ་ཁྲོ་བོ་འབར་བའི་སྐུ།། ཞེ་སྡང
160b5 ཆེན་པོ་རྗེས་དྲན་ཅིང་།། ཉུངས་འབྲུ་ཙམ་གྱི་ཁྲོ་བོ་རྣམས།། བར་མཚམས་མེད་པའི་འཕྲོ་འདུ་ཡིས།། ཕུར་པའི་སྐུ་ལ་བསྡུ་ཞིང་བསྟིམ།། བདག་ཉིད་ཆེན་པོའི་རང་བཞིན་ལ།། བར་མཚམས་མེད་པར་རྣམ་པར
160b6 གནས།། དེ་ནས་ཕུར་པའི་བདག་ཉིད་ལ།། ཡང་ནི་སྐུ་དང་གསུང་ཐུགས་ཀྱིས།། བདག་ཉིད་ཆེན་པོར་བྱིན་གྱིས་བརླབ།། དབང་བསྐུར་བ་ནི་བརྟག་པར་བྱ།། ཉིང་ལག་རྒྱབ་བསྣོལ་གུང་མོ་གཤིབས།། དེ་ནས་ཕུར
iiif viewer powered by OpenSeadragon
160a - 161a