| | e-texts navigator
|
160a1 དང་།། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་རྣམས།། དུ་མ་གཅིག་ཏུ་བསྡུས་པའོ།། ཐམས་ཅད་ཆེ་བར་གྱུར་པ་སྟེ། ཁྲོ་ཆེན་རྣམ་པར་རྒྱལ་གྱུར་པའི།། གཟི་བརྗིད་ཆེན་པོ་བསམ་པར་བྱ།། རྟག་པ་ཆེན་པོའི་རང
160a2 བཞིན་དང་།། སྤྲུལ་པ་ལས་ཀྱང་སྤྲུལ་པ་འབྱུང་།། འབར་བ་མཐུ་ཡི་ཤུགས་ཀྱིས་འཕྲོ།། དུས་གསུམ་ཀུན་ཏུ་སྣང་བ་སྟེ།། རིགས་རྣམས་ཀུན་ལ་སྣང་བ་ནི།། ཀུན་གྱི་ཡེ་ཤེས་འདུས་པ་ཡིན། ཁྲག་འཐུང་འབར་བའི
160a3 སྤྲུལ་པ་ནི།། ཡང་དག་ཀུན་ཏུ་མཁས་པས་བརྟག། ནམ་མཁའི་རང་བཞིན་ཐམས་ཅད་ནི།། བར་མཚམས་མེད་པའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆོ་ག་བསྒྲུབ་བྱའི་མཆོག། རྣམ་པར་སྣང་མཛད་ཆེ་ལ་ནི།། རྣལ་འབྱོར
160a4 ཉིང་ལག་དབུས་མ་སྟེ།། ཇི་ལྟར་རྡོ་རྗེའི་ཕོ་བྲང་ནི།། སྦོམ་པོ་ལ་ཡང་དེ་བཞིན་ནོ།། ཉིང་ལག་གི་ནི་དང་འོག་ལ།། རིན་པོ་ཆེ་ཡི་འོད་ཟེར་བཞག། གང་གི་ཟ་ལག་དེ་ལ་ནི།། པདྨ་ཆེན་པོའི་རང་བཞིན་བསམ།། མཐར
160a5 གྱིས་གནས་པའི་ཉིང་ལག་ནི།། ཟབ་མོའི་ཡི་གེ་རྣམ་པར་མཛེས།། ཀུན་ཀྱང་ཆུ་ཤེལ་སྟེང་ན་མཛེས།། འབར་བ་བས་ཀྱང་ཆེར་འབར་ཏེ།། རྟག་ཏུ་མཉམ་པའི་འོད་ཟེར་འབྱིན།། འོད་ཟེར་རྩེ་མོར་གཞག་པར་བྱ།། དེ
160a6 ནས་སྣང་མཛད་དང་པོ་སྟེ།། སུ་ར་ཏ་ཡི་རང་བཞིན་ལས།། སྟྭཾ་ཞེས་བརྗོད་པས་ཐལ་མོ་སྦྱར།། མཉམ་པའི་ཐལ་མོ་སྦྱར་ནས་ཀྱང་།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། རྡོ་རྗེ་ཨན་ཛ་ལེ་ལ་ནི།། ཧཱུཾ་གིས་རྣམ
iiif viewer powered by OpenSeadragon
159b - 160b